འབྲུག་གིས་ ཇུ་ཌོ་རྩེད་འགྲན་ནང་ལས་ གསེར་གྱི་རྟགས་མ་༨ དང་ དངུལ་གྱི་རྟགས་མ་༣ ཐོབ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་སྦེ་ འབྲུག་མཐུན་འབྲེལ་ཇུ་ཌོ་རྩེད་འགྲན་ཅིག་འབད་བའི་སྐབས་ འབྲུག་གིས་ གསེར་གྱི་རྟགས་མ་༨ དང་ དངུལ་གྱི་རྟགས་མ་༣ ཐོབ་ཅི་ཟེར་ འབྲུག་ཇུ་ཌོ་ཚོགས་པའི་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།

རྩེད་འགྲན་ནང་ ནེ་པཱལ་ལས་ ཇུ་ཌོ་རྩེད་མི་ བུམོ་༨ བརྩིས་ཏེ་ འབྲུག་དང་ བང་ལ་དེཤ་ལས་ རྩེད་འགྲན་པ་༣༠ གིས་ དབྱེ་ཁག་༨ ནང་ འགྲན་བསྡུར་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ འབྲུག་ཨོ་ལོམ་པིག་ཚོགས་པ་གིས་ རྒྱབ་སྐྱོར་ཐོག་ལས་ འབྲུག་པའི་ཇུ་ཌོ་ཚོགས་པ་གིས་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིནམ་ད་ དེ་ཡང་ ལུང་ཕྱོགས་ནང་ ཇུ་ཌོ་ལུ་བརྟེན་ ཕན་ཚུན་ཡར་དྲག་གཏང་ནི་དང་ རྒྱལ་ཁབ་ནང་ ཇུ་ཌོ་གི་ གནས་ཚད་གོང་འཕེལ་གཏང་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ནུག།
འགྲན་བསྡུར་ནང་ བང་ལ་དེཤ་ལས་ རྒྱལ་ཡོངས་ནང་ དྲག་ཤོས་ཐོན་མི་ ཀི་རིཐ་ཁ་ པུ་རོ་ཏིསི་ཏཱན་གྱིས་ བཅའ་མར་གཏོགས་ཡོདཔ་ད་ ཅིལ་ ཝ་ཐ་བ་རན་ལྟེ་བ་དེ་ ནེ་པཱལ་ལས་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ སྡེ་ཚན་༢ ཆ་ར་གིས་ རྒྱལ་སྤྱིའི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནུག་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་ཚུ་ཡང་ ཇའི་ཀ་གི་ གནས་ཞུགས་སྐུ་ཚབ་ ཀོ་ཇི་ ཡ་མ་ད་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ རྩེད་འགྲན་ནང་ སྡེ་ཚན་ག་རའི་ནང་ དོ་འགྲན་དྲག་ཤོས་ཡང་ འབྲུག་ལས་ བཀྲིས་དབང་ཕྱུག་གིས་ ཐོབ་ཡོདཔ་ད་ པི་རི་ཡང་ཀ་དང་ ས་ཅིན་ ཝའི་བ་༢ ཀྱིས་ བང་ལ་དེཤ་དང་ ནེ་པཱལ་ལས་ ཐོན་ཡོདཔ་ཨིན་པས།
ཇུ་ཌོ་རྩེད་རིགས་དེ་ཡང་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགས་ཏེ་ འབྲུག་ཇུ་ཌོ་ཚོགས་པ་ གཞི་བཙུགས་འབད་ཡོདཔ་ད་ ཚོགས་པའི་གཙོ་འཛིན་ ཀརྨ་ཨེལ་རྡོ་རྗེ་དང་འཁྲིལཝ་ད་ ཇོ་ཌོ་དེ་ རྩེད་རིགས་མ་འདྲཝ་ཅིག་ ཨིན་པའི་ཁར་ རྡོག་ཐེ་དང་ མཛོག་ཁྱད་རྐྱབ་ནི་ཚུ་ མི་ཆོག་ཟེར་ཨིན་པས།
འབྲུག་པའི་ ཇུ་ཌོ་རྩེད་མི་༢ སྤྱི་ལོ་༢༠༡༨ ལུ་ ཇ་པཱན་གྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་ནིའི་དོན་ལུ་ གདམ་འཐུ་འབད་ནི་ཨིནམ་ད་ ལས་རིམ་དེ་ཡང་ ཇ་པཱན་གྱི་ སིན་ས་སྡེ་ཚན་གྱིས་ རྒྱབ་སྐྱོར་འབད་ནི་ཨིནམ་བཞིན་དུ་ འཛམ་གླིང་ནང་ ཇ་པཱན་དེ་ དྲག་ཤོས་དང་པའི་ནང་ ཚུད་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཙན་སྐྱོགས་རྡོ་རྗེ་གིས་ ཧི་རོ་ ཨའེ་ལིག་དོན་ལུ་ སུ་ཌི་ཝ་ ཨེཕ་སི་ གྲ་སྒྲིག་འབད་བའི་བསྒང་།

༉ སྤྱི་ལོ་༢༠༢༠ ལུ་ རྒྱ་གར་གྱི་ ཧི་རོ་ ཨའེ་ལིག་ཕུཊ་བཱོལ་རྩེད་འགྲན་གྱི་སྐབས་ འབྲུག་ལས་ བཙན་སྐྱོགས་རྡོ་རྗེ་གིས་ སུ་དི་ཝ་ ལྡི་ལི་ཨེཕ་སི་གི་ ཕུཊ༌བཱོལ་གྱི་སློབ་སྟོན་པ་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ དུས་ཅི་ཡང་ སྡེ་ཚན་གྱི་སློབ་སྟོན་གོངམ་སྦེ་ ཕྱག་ཞུ་ནིའི་གོ་སྐབས་བྱིན་ཡོདཔ་བཞིན་དུ་ …

Leave a Reply

Your email address will not be published. Required fields are marked *