ཊཱནསི་པོཊ་ཡུ་ནའི་ཊེཌ་སྡེ་ཚན་ ཁེན་འཇར་དམརཔོ་དང་ འབྲུག་ཨིསི་ཊར་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

འབྲུག་གི་དངུལ་ཁང་གི་ ཕུཊ༌བཱོལ་རྩེད་འགྲན་འབད་བའི་བསྒང་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་ ཊཱནསི་པོཌ་ཡུ་ནའེ་ཊེཊ་སྡེ་ཚན་གྱིས་ འབྲུག་ཨིསི་ཊར་ལུ་ གཱོལ་༣ བཙུགས་ཏེ་ ཕམ་བཏང་ཡོདཔ་ད་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༢ བཙུགས་ཅི།
ཊཱནསི་པོཌ་ཡུ་ནའེ་ཊེཊ་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ རྩེད་འགྲན་འགོ་བཙུགས་ཏེ་ བར་མཚམས་ཀྱི་ ངལ་གསོ་མ་ལེནམ་ལས་ གཱོལ་༣ བཙུགས་ཡོདཔ་བཞིན་དུ་ འབྲུག་ཨིསི་ཊར་གྱིས་ཡང་ གཱོལ་༢ བཙུགས་ཡོདཔ་ད་ བར་མཚམས་ཀྱི་ཤུལ་ལས་ སྡེ་ཚན་༢ ཆ་ར་གིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ གཱོལ་ཐེབས་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགས།
སྤྱི་ཟླ་༡༠ པའི་ཚེས་༡༧ ཚུན་ཚོད་ སྡེ་ཚན་༡༣ གྱིས་ སྡེ་ཚན་༡༣ དང་ རྩེད་འགྲན་འབད་བའི་ཤུལ་ལས་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ སྐུགས་༣༦ ཐོབ་སྟེ་ ཨང་དང་པ་དང་ ཊཱནསི་པོཌ་ཡུ་ནའེ་ཊེཊ་གིས་ སྐུགས་༣༢ ཐོབ་སྟེ་ ཨང་༢ པའི་ནང་ཡོདཔ་ད་ ཨང་༣ པ་དེ་ ཐིམ་ཕུག་ཨེཕ་སི་དང་ ཨང་༤ དང་ ཨང་༥ དེ་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་དང་ འབྲུག་ཕུཊ་བཱོལ་སློབ་རིག་གཉིས་ཨིན་པས།
དེ་གི་ཤུལ་ལས་ གོ་རིམ་བཞིན་དུ་ ཧའེ་ཀོ་ལི་ཊི་ཡུ་ནའེ་ཊེཊ་དང་ འབྲུག་ཡུ་ནའེ་ཊེཊ་ འབྲུག་ཨིསི་ཊར་ སྤ་རོ་ཡུ་ནའེ་ཊེཊ་ དེ་ལས་ ཕུན་ཚོགས་གླིང་ཡུ་ནའེ་ཊེཊ་སྡེ་ཚན་ཚུ་ཐོན་ནུག།
འབྲུག་གི་དངུལ་ཁང་གི་ ཕུཊ༌བཱོལ་རྩེད་འགྲན་དེ་ ད་རེས་ འགོ་དང་པ་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་དེ་ཡང་ སྤྱི་ཟླ་༨ པ་ལས་འགོ་བཙུགས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *