གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་པཱན་གྲུབ་ཚེ་རིང་དང་ འབྲུག་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཚེ་དབང་དབང་ཕྱུག་གིས་ ཡིག་ཆ་བརྗེ་སོར་འབད་བའི་བསྒང་།

འབྲུག་གཞི་ཚོགས་ཀྱིས་ གསོ་བ་ལྷན་ཁག་ལུ་ མཁོ་ཆས་ཚུ་ གྲོགས་རམ་བྱིན་ཡོདཔ།

༉ ཁ་ཙ་ འབྲུག་གཞི་ཚོགས་ཀྱིས་ དངུལ་ཀྲམ་ས་ཡ་༡.༨ དེ་ཅིག་གནས་པའི་ གསོ་བའི་མཁོ་ཆས་དང་ མཐུན་རྐྱེན་ཚུ་ གསོ་བའི་ལྷན་ཁག་ལུ་ གྲོགས་རམ་སྦེ་བྱིན་ནུག།
དེ་ཡང་ ན་ལོན་དང་ ཨ་ལོ་ དེ་ལས་ ཨ་ལོ་གསར་སྐྱེས་དང་འབྲེལ་བའི་ མིའི་འདྲ་གཟུགས་ཀྱི་ སྦྱོང་བརྡར་མཁོ་ཆས་ཚུ་ཨིནམ་ད་ དེ་ཚུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ དགེ་ལེགས་ཕུག་ དེ་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ བགོ་བཀྲམ་འབད་ནི་ཨིན་པས།
གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་པཱན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ འབྲུག་གཞི་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་ གསོ་བའི་ལས་སྡེ་ལུ་ འདས་པའི་ལོ་ཚུ་ནང་ གསོ་བའི་འགོ་དཔོན་ཚུ་ལུ་ ལྕོགས་གྲུབ་ཡར་དྲག་གཏང་ནིའི་ རྒྱབ་སྐྱོར་ཚུ་ བྱིན་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཐུན་རྐྱེན་དེ་ལུ་བརྟེན་ གསོ་བའི་འགོ་དཔོན་ཚུ་ལུ་ སྦྱོང་བརྡར་གྱི་ སྤུས་ཚད་དེ་ ཧེང་སྐལ་གོང་འཕེལ་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཚེ་དབང་དབང་ཕྱུག་གིས་ སླབ་མིའི་ནང་ གཙོ་བསྟེན་སྨན་ཁང་ཚུ་ནང་ གློ་བུར་གྱི་ གསོ་བའི་ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ ལཱ་ཚུ་འབད་བཞིན་དུ་ཡོད་ཟེར་ཨིན་པས།
གཞི་ཚོགས་དེ་ སྤྱི་ལོ་༢༠༠༩ ལས་འགོ་བཙུགས་ཏེ་ ད་ཚུན་གྱི་བར་ན་ ཌོག་ཊར་༢༠༠ དང་ སྨན་གཡོགཔ་ཚུ་ལུ་ གློ་བུར་གྱི་ སྦྱོང་བརྡར་ཚུ་ བྱིན་ཡོད་པའི་ཁར་ གླ་འཁོར་དེད་གཡོགཔ་༡༤༦ དང་ ཨ་ནེམོ་༣༠ དེ་ལས་ ནད་འཁོར་གྱི་ དེད་གཡོགཔ་༢༣ ལུ་ཡང་ མི་མེད་ལུང་སྟོང་གི་ གློ་བུར་སྨན་བཅོས་འབད་ཐངས་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
དེ་མ་ཚད་ གཞི་ཚོགས་ཀྱིས་ རྒྱལ་ཁབ་ནང་ གློ་བུར་གསོ་བའི་ སྦྱོང་བརྡར་ཚུ་ འཕྲོ་མཐུད་བྱིན་ནིའི་དོན་ལུ་ ཌོག་ཊར་༣༨ དང་ སྨན་གཡོགཔ་ཚུ་ལུ་ ནང་འཁོད་ཀྱི་ སྦྱོང་བརྡར་བྱིན་མི་སྦེ་ ངོ་སྦྱོར་འབད་དེ་ཡོདཔ་ཨིན་པས།
གཞི་ཚོགས་ཀྱིས་ གསོ་བའི་འགོ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་མི་དང་ མཐུན་རྐྱེན་ཚུ་ བགོ་བཀྲམ་འབད་མི་ལུ་ དངུལ་ཀྲམ་ས་ཡ་༤༠ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *