སྤྱི་ཟླ་༥ པའི་ཚེས་༢༣ ལུ་ ངོ་སྤྲོད་འབད་མི་ འདེམས་ངོ་ཚུ་དང་ ཚོགས་པའི་གཙོ་འཛིན་གོང་འོག།

འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ངོ་༡༤ གསལ་བསྒྲགས་འབད་ཡོདཔ།

༉ འབྲུག་ཀུན་མཉམ་ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༤ ལུ་ རྡོ་རྗེ་རྒྱལ་མཚན་དེ་ བཀྲིས་གཡང་རྩེ་ ཁམས་དྭངས་- རམ་འཇར་འདེམས་ཁོངས་ལས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ དོ་འགྲན་འབད་མི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ནུག།
ཁོ་ལུ་ ལོ་༥ དེ་ཅིག་ ཕུན་ཚོགས་གླིང་ལུ་ ཁྲིམས་དོན་ལས་ཁང་ཅིག་ གཞི་བཙུགས་ཀྱིས་ ལཱ་འབད་བའི་ ཉམས་མྱོང་ཡོདཔ་ད་ ཁོ་གིས་ རྒྱ་གར་བེང་ག་་ལུ་རུ་གཙུག་ལག་སློབ་སྡེ་ལས་ ཁྲིམས་ཀྱི་མཐོ་རིམ་ཤེས་ཚད་འཆང་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢ ལུ་ ཚོགས་པ་གིས་ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་-རྐང་པ་ར་འདེམས་ཁོངས་ཀྱི་ འདེམས་ངོ་ སངས་རྒྱས་བསྟན་འཛིན་དེ་ ངོ་སྤྲོད་འབད་ཡོདཔ་ད་ མི་མང་འཕྲོད་བསྟེན་ནང་ མཐོ་རིམ་ཤེས་ཚད་ལྡན་མི་ སངས་རྒྱས་བསྟན་འཛིན་གྱིས་ གསོ་བ་ལྷན་ཁག་ནང་ ལོ་༢༠ དེ་ཅིག་ ལཱ་འབད་བའི་ ཉམས་མྱོང་ཐོབ་ཡོདཔ་བཞིན་དུ་ ཁོ་ར་ རྐང་པར་རྒེད་འོག་ལས་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ངོ་སྤྲོད་འབད་མི་ འདེམས་ངོ་ཚུ་དང་ ཚོགས་པའི་གཙོ་འཛིན།

བསྟན་རྒྱ་མཚོ་གིས་ ར་ལྡི་-སག་སྟེང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ར་ འདེམས་ངོ་སྦེ་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ངོ་སྤྲོད་འབད་ཡོདཔ་བཞིན་དུ་ ཁོ་ལུ་ རྒྱལ་ཁབ་ནང་འཁོད་ལུ་ ཁྲིམས་སྲུང་འགག་སྡེའི་ བཟོ་རིག་སྡེ་ཚན་ནང་ ལོ་ངོ་༢༣ གྱི་རིང་ ཞི་བའི་བཟོ་རིག་གི་ ལཱ་འབད་བའི་ ཉམས་མྱོང་དང་ མཇུག་ར་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་གཙོ་ཁང་ནང་ བཀོད་ཁྱབ་བཟོ་རིག་འགོ་དཔོན་སྦེ་ ལཱ་འབད་ནུག།
ཨོ་རྒྱན་བསྟན་འཛིན་གྱིས་ སྤུ་ན་ཁ་གླིང་བུ་ཁ་-སྟོད་ཝང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ལུ་ སོ་ནམ་ལྷན་ཁག་ནང་ ཆེ་མཐོའི་གོ་གནས་ལེ་ཤ་ཅིག་ནང་ ལོ་ངོ་༡༧ གི་རིང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་པའི་ཁར་ སོ་ནམ་གོང་འཕེལ་གྱི་ མཐོ་རིམ་གོང་མའི་ ཤེས་ཚད་དང་ ད་རུང་ མཐའ་འཁོར་གནས་སྟངས་དང་ ནགས་ཚལ་ རང་བཞིན་ཐོན་སྐྱེད་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་ཨིན་པས།

རྡོ་རྗེ་རྒྱལ་མཚན།

དེ་ལས་ ཤེས་རིག་རྩ་གཞུང་གོང་འཕེལ་ནང་ ཤེས་ཚད་པི་ཨེཆ་ཌི་འཆང་མི་ བདེ་ཆེན་བཟང་མོ་གིས་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ མོ་གིས་ ཤེས་རིག་སྡེ་ཚན་ནང་ ལོ་ངོ་༢༩ གི་རིང་ ཕྱག་ཞུ་བའི་སྐབས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ ཨིང་ལིཤ་ལས་ཁུངས་ཀྱི་ འགོ་འཛིན་སྦེ་ འགན་ཁུར་འབག་ནུག།
འབྲུག་ཀུན་མཉམ་ཚོགས་པ་གིས་ པདྨ་དགའ་ཚལ་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ གནས་ཡུན་ལན་ཐེངས་༢ ཕྱག་ཞུ་མི་ འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་དེ་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གདམ་ཁ་རྐྱབ་ཡོདཔ་ད་ འདེམས་ངོ་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ ལོ་༡༠ ཕྱག་ཞུ་བའི་སྐབས་ སྤྱི་ཚོགས་དང་འབྲེལ་བའི་ ཚོགས་ཆུང་ལེ་ཤ་ཅིག་གི་ ཁྲི་འཛིན་འབད་ནུག།

སངས་རྒྱས་བསྟན་འཛིན།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ ལཱ་གཡོག་འགོ་བཙུགས་པའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཕྱག་ཞུ་མི་ འཇིགས་མེད་རིག་འཛིན་དེ་ ཅར་ཊར་རྩིས་འཛིན་པའི་ མཐོ་རིམ་ཤེས་ཚད་དང་ ཚོང་འབྲེལ་མཐོ་རིམ་ཤེས་ཚད་འཆང་ཡོདཔ་ཨིན་པས།
འདེམས་ངོ་ཨོ་རྒྱན་བསྟན་འཛིན་དང་ འཇིགས་མེད་རིག་འཛིན་དང་གཅིག་ཁར་ ཚོགས་པ་གིས་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ པདྨ་དགའ་ཚལ་དང་ མོང་སྒར་ ཀྲོང་གསར་ དབང་འདུས་ བུམ་ཐང་རྫོང་ཁག་ལས་ འདེམས་ངོ་༥ ངོ་སྤྲོད་འབད་ཡོདཔ་ད་ དེ་ཡང་ འཕྲིན་ལས་རྒྱལ་མཚན་དེ་ ཆུ་སྨད་-ཨུ་རའི་འདེམས་ངོ་དང་ སྐྱེངས་མཁར་-ཝེ་རིང་ལ་འདེམས་ཁོངས་ལས་ དགེ་ལེགས་རྒྱ་མཚོ་ དེ་ལས་ བྲག་སྟེང་-གླང་མཐིལ་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ ཀརྨ་དགེ་ལེགས་དང་ ཉི་ཤོ་-སྲས་ཕུག་འདེམས་ཁོངས་ལས་ ཡེ་ཤེས་རྒྱ་མཚོ་ ངང་ལམ་-པདྨ་དགའ་ཚལ་ལས་ ཀུན་ལེགས་རྡོ་རྗེ་གིས་ དོ་འགྲན་འབད་ནི་ཨིན་པས།

བསྟན་རྒྱ་མཚོ།

སྤྱི་ཟླ་༥ པའི་ཚེས་༢༤ ལུ་ ལྷག་པ་ཏ་མང་དེ་ ཆུ་ཁ་ཕུན་ཚོགས་གླིང་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ད་ བསམ་རྩེ་བཀྲིས་ཆོས་གླིང་ལས་ དཱན་ཀུ་མར་ག་ལེ་གིས་ དོ་འགྲན་འབད་ནི་ཨིན་པས།
པདྨ་དགའ་ཚལ་མཁར་-གཡུ་རུང་འདེམས་ཁོངས་ཀྱི་ འདེམས་ངོ་དེ་ རྡོ་རྗེ་དབང་ཕྱུག་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་-མར་ཚ་ལ་ལས་ ཀརྨ་རྡོ་རྗེ་གིས་ དོ་འགྲན་འབད་ནི་ཨིན་པས།
ཟླ་བ་རིན་ཆེན་དེ་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་གསརཔ་ཨིནམ་ད་ ཁོ་ལུ་ ལོ་༢༥ གི་ བཀོད་ཁྱབ་གོངམ་སྦེ་ ལཱ་འབད་བའི་ ཉམས་མྱོང་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *