༉ ཁ་ཙ་ བུམ་ཐང་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ འཛོམས་ཐོག་ལུ་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ རྫོང་ཁག་༢༠ གི་ རྫོང་བདག་ཚུ་ལུ་ དོང་རྐོ་ཨེསི་ཀེ་བེ་ཊར་འཕྲུལ་ཆས་༢༠ དང་ ས་རྐོ་སྣུམ་འཁོར་ བེག་ཧོ་༢༠ རྩིས་སྤྲོད་གནང་ཡོདཔ་ད་ འཕྲུལ་ཆས་དེ་ཚུ་ ཇ་པཱན་གཞུང་གིས་ གྲོགས་རམ་སྦེ་ གནང་ཡོདཔ་ལས་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་སྦོམ་འབྱུང་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ཨིན་པས།
བློན་ཆེན་གྱིས་ རྫོང་ཁག་༢༠ འི་རྫོང་བདག་དང་ ས་གནས་གཞུང་གི་ཁྲི་འཛིན་ སོ་ནམ་འགོ་དཔོན་ཚུ་ལུ་ གསུངས་མིའི་ནང་ ས་རྐོ་འཕྲུལ་ཆས་ཚུ་གིས་ རྐྱེན་ངན་སྐབས་ ལག་ལེན་འཐབ་ནི་རྐྱངམ་གཅིག་མེན་པར་ སོ་ནམ་ཞིང་ལམ་སེལ་ནི་དང་ རྒྱུན་སྐྱོང་འཐབ་ནིའི་དོན་ལས་ ས་གནས་གཞུང་གིས་ དབང་ཆ་སྤྱོད་ཚུགས་ནི་དང་ སོ་ནམ་ཞིང་པ་གིས་ ས་ཞིང་གོང་འཕེལ་ནང་ ཞིང་ཆུ་སེལ་ནི་ཚུ་ནང་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
འཕྲུལ་ཆས་དེ་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ རྫོང་ཁག་རེའི་ནང་ སྦྱོང་བརྡར་ཅན་གྱི་ ལག་ལེན་པ་རེ་ བཙུགས་ནི་ཨིན་པའི་གནས་ཚུལ།
