འདོད་སྤྱོད་གློག་བརྙན་གྱི་རྩོད་བཤེར་ སྤ་རོ་ཁྲིམས་འདུན་ལུ་ བཏང་ཡོདཔ།

༉ སྤ་རོ་གི་ ཁྲིམས་སྲུང་འགག་པ་གིས་ སྐུར་འདེབས་སམ་ མི་དཀར་ལ་ཞྭ་ནག་སྤུབས་ཡོད་པའི་ གནད་དོན་ཅིག་ནང་ འབྲེལ་གཏོགས་འབད་མི་ མི་༦ གི་ རྩོད་བཤེར་དེ་ སྤ་རོ་རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
གནད་དོན་དེ་ནང་ ཨམ་སྲུ་༤ དང་ ཕོ་སྐྱེས་༢ ཡོདཔ་ཨིན་པས།
དེ་ཡང་ ཕོ་སྐྱེས་༢ དང་ཨམ་སྲུ་༢ པོ་དེ་གིས་ སྤ་རོ་ལམ་གོང་ལས་ སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་ཅིག་ འདོད་སྤྱོད་གློག་བརྙན་ནང་ཡོད་མི་དེ་ མོ་ཨིན་མས་ཟེར་ གློག་བརྙན་དེ་ མི་སྡེ་བརྡ་བརྒྱུད་ཝི་ཅེཌ་ནང་ བཀྲམ་སྤེལ་འབད་ཡོདཔ་སྦེ་ཨིན་པས།
ད་ལྟོ་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ གནད་དོན་དེ་གི་ སྟ་གོན་སྙན་གསན་འབད་ཚར་ཏེ་ཡོདཔ་ལས་ འཕྲལ་མགྱོགས་ར་ དཔང་པོ་ཚུ་ འབོ་ནི་ཟེར་ ཁྲིམས་འདུན་གྱི་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དོགས་ཅན་ཕོ་སྐྱེས་ཅིག་གིས་ གློག་བརྙན་དེ་ ཝི་ཅེཌ་གི་ཐོག་ལས་ བཀྲམ་སྤེལ་འབད་བའི་གནས་སྐབས་ནང་ ཉམས་རྒུདཔ་དེ་གི་ ཨ་ཞེམོ་འབད་སར་བཏང་ཡོདཔ་ད་ དེ་བསྒང་ཡང་ ཁྱོད་ཀྱི་ནུམ་གྱི་ འབད་བཞག་བལྟ་ཟེར་སླབ་སྟེ་ བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ ཁོང་མི་༦ པོ་དེ་གིས་ མོ་མེན་རུང་ ཨིན་ཟེར་སླབ་སྟེ་ གློག་བརྙན་རྔམས་སི་སི་ནང་བཀྲམ་སྤེལ་འབད་ཡོདཔ་ལས་ མོ་ལུ་ མི་དཀར་ལ་ཞྭ་ནག་སྤུབས་ཡོད་པའི་ ཉེས་འཛུགས་ཐད་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཉམས་རྒུདཔ་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་ཡོདཔ་ཨིན་རུང་ མོ་གིས་ ད་ལྟོ་འཁྲུན་ཆོད་ལུ་ སྒུག་དོ་ཡོདཔ་ལས་ འཁྲུན་ཆོད་བཏོན་ཞིནམ་ལས་ སླབ་གེ་ཟེར་ སླབ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *