འདས་པའི་ཟླཝ་ལས་ ད་ལྟོ་ཚུན་ སྨྱོ་རྫས་འཆང་སྤྱོད་འབད་མི་༣༦ འཛིན་བཟུང་འབད་ཡོདཔ།

༉ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ འདས་པའི་ཟླཝ་ལས་ ད་ལྟོ་ཚུན་ སྨྱོ་རྫས་འཆང་སྤྱོད་འབད་མི་༣༦ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཙུགས་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༡༧ ལས་༣༢ ཀྱི་ བར་ན་འབད་མི་ཚུ་ཨིན་པས།
འདས་པའི་ཟླཝ་ནང་ སྨྱོ་རྫས་སྤྱོད་མི་༢༣ འཛིན་བཟུང་འབད་མིའི་གྲས་ལས་ གཅིག་ཨམ་སྲུ་ཨིན་པས།
སྤྱི་ཟླ་༤ པའི་ནང་ སྐྱེས་ལོ་༢༤ ལས་༣༣ གྱི་བར་ན་འབད་མི་ཚུ་གིས་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་ནག་ཚོང་འཐབ་ནི་དང་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་ཡོདཔ་ཨིན་པས།
ཕོ་སྐྱེས་༦ ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ སྨྱོ་རྫས་ཨེས་པི་པ་ལཱསི་༣༠༢༩ དང་ སྐྱེ་ཧང་སྐམ་ག་རམ་༡༡.༣༦ དེ་ལས་ ཕོ་སྐྱེས་གཅིག་ལས་ བཱ་བ་ཤོག་ལྟབ་༡༨༥༤ འཕྱོག་བཟུང་འབད་ནུག།
ཁ་ཙ་ཚུན་ ཁྲིམས་སྲུང་འགག་སྡེ་གིས་ ཕོ་སྐྱེས་གཉིས་ལས་ ཨེས་པི་པ་ལཱསི་༡༠༤༢ འཕྱོག་བཟུང་འབད་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *