འཐབ་འཛིང་ལུ་བརྟེན་ བཙོན་པ་༣ རྒྱལ་སྲུང་ལས་འགུལ་ནང་ལས་ བཏོན་བཏང་ཡོདཔ།

༉ གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ འདས་པའི་བདུན་ཕྲག་ནང་ སྟ་རས་ཐང་ལུ་ཡོད་མི་ རྒྱལ་སྲུང་ལས་འགུལ་ནང་ ལཱ་འབད་མི་ བཙོན་པ་༣ གྱི་བར་ན་ འཐབ་འཛིང་འབད་མི་ལུ་བརྟེན་ དེ་འཕྲོ་ལས་ བཏོན་བཏང་ཡོདཔ་ཨིན་པས།

དེ་ཡང་ མི་སྡེ་བརྡ་བརྒྱུད་ནང་ འཐབ་འཛིང་འབད་མིའི་མཐོང་སྣང་ དར་ཁྱབ་འགྱོ་མིའི་ནང་ བཙོན་པ་ཅིག་གིས་ གཞན་མི་བཙོན་པ་ཅིག་ལུ་ ཀིར་ཀེཊ་རྩེདམོ་གི་ རྩེད་ཆས་ཤིང་གིས་ བླུགས་ས་མཐོང་པའི་ཁར་ བྱང་ཕྱད་དེ་གིས་ གྱི་ཅུང་རྐྱབ་ས་མཐོངམ་ཨིན་པས།

འཐབ་འཛིང་འབད་མི་༢ ས་ཁོངས་ནང་ཡོད་མི་ ཆ་རོགས་གཞན་ཚུ་གིས་ བར་ན་ལས་ བཀག་ས་མཐོང་པའི་ཁར་ བཙོན་པ་ཚུ་ཡང་ རྒྱལ་ཁབ་ནང་འཁོད་ལས་ ཁྱིད་ཡོདཔ་ཨིན་པས།

ཟླཝ་༣ གྱི་ཧེ་མར་ ལས་འགུལ་དེ་ནང་ བཙོན་པ་༡༥༠ དེ་ཅིག་ བཙུགས་ཡོདཔ་ད་ ལས་འགུལ་ནང་ལཱ་འབད་མི་ ས་གནས་ ཀྱི་ མི་ཅིག་གིས་ བཤད་མིའི་ནང་ འཐབ་འཛིང་བཀག་འཛིན་འབད་ནི་ལུ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་སོ་ཡི་ཟེར་ཨིན་པས།

སྒྲིག་གཡོག་ནང་ཡོད་མི་ འགོ་དཔོན་༡༥ ལུ་ རྡོ་བླུགས་ནི་དེ་གིས་ བཀག་འཛིན་འབད་མ་ཚུགས་པར་ ཁྲིམས་སྲུང་འགག་པ་ ཐེབས་འབོ་སྟེ་ ༤༥ དེ་ཅིག་ ས་ཁོངས་ནང་བཙུགས་ཏེ་ཡོད་ཟེར་ཨིན་པས།

གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ ལས་འགུལ་ནང་བཙུགས་མི་ བཙོན་པ་ཚུ་ག་ར་ ལོག་སྟེ་ རང་སོའི་བཙོན་ཁང་ཚུ་ནང་ འཁྱིད་བསྐྱལ་ནིའི་དོན་ལུ་ ད་རེས་ ཟུར་བཞག་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།

ལས་འགུལ་དེ་ནང་ སྒྲིག་གཡོག་རྒྱུག་མི་ཚུ་གིས་ ལམ་ལུགས་དང་སྒྲིག་གཞི་ཚུ་ག་ར་ཡོདཔ་ལས་ བཙོན་པ་ཚུ་ལུ་ ལེགས་ བསྒྱུར་ཅིག་འོང་ནིའི་ རེ་བ་བསྐྱེད་རུང་ དེ་སྦེ་ འགྱོ་མ་བཏུབ་པས་ཟེར་ གནས་ཚུལ་བཤད་མི་ཅིག་གིས་ སླབ་ཨིན་པས།

རྒྱལ་སྲུང་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བྱུང་རྐྱེན་གྱི་སྐོར་ལས་ ག་ནི་ཡང་ སླབ་མ་བཏུབ་རུང་ ཀུན་གསལ་གྱིས་ ཤེས་ རྟོགས་བྱུང་མི་དང་འཁྲིལཝད་ བཙོན་པ་ཚུ་ དེ་བསྒང་ ཆང་འགྲངས་ཏེ་འདུག་ཟེར་ཨིན་པས།

གསོ་བའི་སྡེ་ཚན་ སོ་སོར་ཅིག་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ནང་ རྨ་སྐྱོན་སྦོམ་ག་ནི་ཡང་ མ་བཏོན་པས་ཟེར་ཨིནམ་ད་ བཙོན་པ་ཚུ་ཡང་ བཀྲིས་སྒང་དང་ ཐིམ་ཕུག་ དེ་ལས་ གསར་སྤང་ཚུ་ལས་ཡོདཔ་ད་ ཁོང་ཆ་ཁྱབ་ ནད་ཡམས་ལུ་བརྟེན་ ལས་མི་མ་ལང་པའི་སྐབས་ བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *