འཇིགས་མེད་གླིང་ བཟོ་གྲྭའི་ས་ཁོངས་ནང་ གློག་མེ་བཀྲམ་སྤེལ་གྱི་ལཱ་ འགོ་བཙུགས་ཡོདཔ།

༉ གསར་སྤང་རྫོང་ཁག་ འཇིགས་མེད་གླིང་ལུ་ཡོད་པའི་ བཟོ་གྲྭ་ས་ཁོངས་ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་ ལཱ་འགོ་བཙུགས་ཡོདཔ་ཨིན་པས།

ས་ཁོངས་ནང་ གློག་ཤུགས་ག་དེམ་ཅིག་ དགོཔ་ཡོདཔ་ཨིན་ནའི་ སྔོན་རྩིས་གཏོན་ནིའི་དོན་ལུ་ སྔོན་འགྲོའི་བརྟག་ཞིབ་དེ་ འདས་པའི་ཟླཝ་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

གློག་མེ་ཡན་ལག་བགོ་བཀྲམ་སྡེ་ཕྲན་གྱི་ འགོ་དཔོན་དང་འཁྲིལཝ་ད་ བཟོ་གྲྭའི་ས་ཁོངས་ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ ཀི་ལོ་ཝཊ་༡༣༠ འབད་མི་ གློག་མེ་བཀྲམ་སྤེལ་འབད་ནིའི་ གློག་ཐག་གཞི་བཙུགས་འབད་དགོཔ་ཡོད་ཟེར་ཨིན་པས།

སྡེ་ཕྲན་ཡིག་ཚང་དེ་ཡང་ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་ ས་གནས་ནང་ གློག་མེ་མཐུད་སྦྲེལ་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ནང་ལས་ བཟོ་གྲྭ་ཁང་༡༥༠ དེ་ཅིག་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་ཨིན་པས།

བཟོ་གྲྭའི་ས་ཁོངས་ནང་ མ་རྩ་བཙུགས་མི་༤ གི་ ལཱ་འབད་དོ་ཡོདཔ་ད་ མང་ཤོས་ཅིག་ ས་ཁོངས་གོང་འཕེལ་གྱི་ ལཱ་འབད་དོ་ཡོདཔ་ཨིན་པས།

ཤོག་གུ་བཟོ་ནིའི་ བཟོ་གྲྭ་ཁང་གི་དོན་ལུ་ གློག་ཤུགས་ཀི་ལོ་ཝཊ་༡༡ དགོཔ་ཡོདཔ་ད་ དེ་ཡང་ སང་ཕོད་ སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་ནིའི་ རེ་བ་ཡོདཔ་ཨིན་པས།

སྡེ་ཕྲན་ཡིག་ཚང་གི་ ཉམས་བཅོས་སྡེ་ཚན་གྱི་ འཛིན་སྐྱོང་པ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ བཟོ་གྲྭ་ས་ཁོངས་ནང་ ལཱ་གི་གྲུབ་འབྲས་ལེགས་ཤོམ་ཐོན་མ་ཚུགས་རུང་ སྡེ་ཕྲན་དེ་ལུ་ གྱོང་རྒུད་མ་ཕོག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གློག་མེ་འཕྲུལ་ཁང་ཚུ་དང་ ལྷག་པར་དུ་ མང་སྡེ་ཆུ་ གློག་མེ་ལས་འགུལ་ལས་འོང་མི་ གློག་ཤུགས་ཚུ་ ཕྱིར་བཙོང་འབད་དོ་ཡོདཔ་ད་ ནུབ་ཕྱོགས་ནང་ཡོད་པའི་ གློག་མེ་འཕྲུལ་ཁང་གི་ གློག་ཤུགས་ཐེབས་ཚུ་ཡང་ སྡེ་ཕྲན་བརྒྱུད་དེ་ ཕྱིར་བཙོང་འབད་དོ་ཟེར་ཨིན་པས།

བཟོ་གྲྭའི་ས་ཁོངས་ནང་ བཟོ་གྲྭ་ཁང་ཚུ་ག་ར་ སྒྲུབ་ཞིནམ་ལས་རྐྱངམ་གཅིག་ དགོས་མཁོ་ཆེ་བའི་ གློག་ཤུགས་བཀྲམ་སྤེལ་འབད་ཚུགས་ནི་མས་ཟེར་ཨིན་པས།

ད་རུང་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ བཟོ་གྲྭ་ཁང་ཚུ་ གྲ་སྒྲིག་མ་འགྱོཝ་ལས་ གློག་མེ་བཀྲམ་སྤེལ་འབད་ནིའི་ རྒྱུད་ཐག་ཚུ་ གྲ་སྒྲིག་འགྱོ་འོང་ཟེར་ཨིནམ་ད་ གློག་མེའི་རྐང་རིང་ བཟོ་སྐྲུན་འབད་ནིའི་དོན་ལུ་ དུས་ཡུན་ཟླཝ་༢ དང་༣ དེ་ཅིག་མ་གཏོགས་ མི་འགོར་ཟེར་ཨིནམ་ད་ ད་ལྟོ་ ས་ཁོངས་ནང་ གོང་འཕེལ་གངམ་མ་འགྱོ་བས་ཟེར་ཨིན་པས།

བཟོ་གྲྭའི་ས་ཁོངས་ནང་ གཏན་འཇགས་ཀྱི་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་ལཱ་དེ་ སྤྱི་ལོ་༢༠༢༢ རྫོགས་ཁམས་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ད་ ད་རེས་ གླིང་ག་ཡོད་ས་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ད་ གློག་མེ་དང་ ས་དོང་བརྐོ་ནིའི་ལཱ་ཚུ་ སྤྱི་ལོ་༢༠༢༡ རྫོགས་ཁམས་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཀི་ལོ་ཝཊ་༤༠༠ འབད་མི་ རྫས་རླུང་སྡེ་ཚན་གྱི་འཛིན་སྐྱོང་པ་ བསོད་ནམས་དབང་ཕྱ྄ག་གིས་ སླབ་མིའི་ནང་ སྡེ་ཕྲན་ནང་འོང་མི་གློག་ཤུགས་དེ་ བཟོ་གྲྭ་ཁང་ལུ་མ་གཏང་ཟེར་ཨིན་མི་དེ་ཡང་ བཟོ་གྲྭའི་གླིང་ག་ནང་ ལཱ་འབད་བའི་བསྒང་ འབད་ནི་དེ་གིས་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་སྙན་ཞུ་འབད་མིའི་ནང་ སྡེ་ཕྲན་ནང་འོང་མི་ གློག་ཤུགས་ག་ར་ བཟོ་གྲྭ་ཁང་གི་དོན་ལུ་ ལག་ལེན་འཐབ་ནི་དང་ ཐེབས་ཡོད་མི་ཚུ་ ཕྱིར་བཙོང་འབད་ནི་སྦེ་ཡོདཔ་ཨིན་རུང་ ད་ཚུན་ གློག་ཤུགས་དེ་ བཟོ་གྲྭ་ཁང་ནང་མ་བཏང་པར་ ཕྱིར་བཙོང་འཐབ་ཅི་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *