འགྲུལ་སྐྱོད་བཀག་དམ་སྐབས་ མི་སྡེ་དང་ ཟུར་བཞག་ལྟེ་བ་ཚུ་ལས་ ཀོ་བིཌ་-༡༩ ཐོབ་མི་༡༧༣།

 

༉ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ ཐིམ་ཕུག་ལས་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་བའི་ཤུལ་ལུ་ འགྲོ་འགྲུལ་བཀག་དམ་འབད་དེ་ ཉིནམ་དང་པ་ལས་༩ པ་ཚུན་ མི་ངོ་༡༧༣ ལུ་ ཀོ་བིཌ་-༡༩ ཐོབ་སྟེ་ཡོདཔ་ བདའ་ཟུན་ནུག།
འདས་པའི་ཉིན་གྲངས་༩ འི་ནང་འཁོད་ལུ་ མི་༡༧༣ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་ བདའ་ཟུན་མི་ལས་༡༡༩ ཐིམ་ཕུག་ལས་ ཐོན་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་འོག་ལས་ སྤ་རོ་ལས་ མི་༤༣ ལུ་ ནད་ཡམས་ཐོབ་ཡོདཔ་ཨིན་པས།
འགྲུལ་སྐྱོད་བཀག་དམ་ ཉིནམ་༦ པའི་ནང་ ཀོ་བིཌ་-༡༩ ཐོབ་མི་༣༨ བདའ་ཟུར་མི་དེ་ གྱངས་ཁ་མཐོ་ཤོས་ཨིནམ་ད་ དེ་གི་གྲས་ལས་ ཐིམ་ཕུག་རྐྱངམ་གཅིག་ལས་ར་ མི་༢༩ ལུ་ ནད་འབད་ཡོད་པའི་ བདའ་ཟུན་ནུག།
དེ་ལས་ ཁ་ཙ་ ཉིནམ་༡ ནང་ར ཀོ་བིཌ་-༡༩ ཐོབ་མི་༢༧ བདའ་ཟུན་མི་ལས་ ཐིམ་ཕུག་ལུ་༢༠ དང་ སྤ་རོ་ལས་༧ ཐོན་ཡོདཔ་ཨིན་པས།
འདས་པའི་ཉིན་གྲངས་༩ ནང་ ནད་ཡམས་ཐོབ་མིའི་ གྱངས་ཁ་ཚུ་ཡང་

འགྲུལ་སྐྱོད་བཀག་དམ་ ཉིནམ་༩ པ།
སྤྱི་ཟླ་༡༢ པའི་ཚེས་༢༨ ལུ།
ཀོ་བིཌ་-༡༩ ཐོབ་མི་༢༧ །
– ཐིམ་ཕུག་ལས་༢༠ ༼མི་མང་བརྟག་དཔྱད་ལས་༡༩ ཚ་རིམས་སྨན་བཅོས་ལྟེ་བ་ལས་༡༽
དེ་ཡང་ བདེ་ཆེན་ཆོས་གླིང་སྟོད་ལས་༩། ལྕང་ཟམ་ཏོག་སྟོད་ལས་༤། སྡེཔ་སྲིད་༢། དཀར་སྦིས་ལས་༡། གཡང་འཕེལ་སྡོད་ཁྱིམ་ཁོངས་ལས་༡། སེམས་རྟོགས་ཁ་ལས་༡། ཉི་ཟེར་སྒང་ལས་༡། ལྕང་བང་འབྲུ་ལས་༡།
– སྤ་རོ་ལས་༧ ༼ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་ཡོད་མི༽
ཤར་པ་ལས་༤། འོ་ཆུ་ལས་༣།

འགྲུལ་སྐྱོད་བཀག་དམ་ཉིནམ་༨ པ།
སྤྱི་ཟླ་༡༢ པའི་ཚེས་༢༧ ལུ།
ཀོ་བིཌ་-༡༩ ཐོབ་མི་༢༡ །
– ཐིམ་ཕུག་ལས་ མི་༡༢ ༼མི་མང་བརྟག་དཔྱད་ལས་༡༡༽
དེ་ཚུ་ཡང་ བདེ་ཆེན་ཆོས་གླིང་ལས་༧། ལྕང་ཟམ་ཏོག་སྟོད་ལས་༢། སེམས་རྟོགས་ཁ་ལས་༡། ལྕང་བང་འབྲུ་ལས་༢།
– ཟུར་བཞག་མཐུན་རྐྱེན་ལྟེ་བ་ལས་༡།
– སྤ་རོ་ལས་༥ ༼ཧེ་མ་ལས་ ནད་འབུབ་ཐོབ་མི་ཚུ་དང་འབྲེལ་བ་ཡོད་མི་ཚུ༽
ཤར་པ་༥།

འགྲུལ་སྐྱོད་བཀག་དམ་ ཉིནམ་༧ པ།
སྤྱི་ཟླ་༡༢ པའི་ཚེས་༢༦ ལུ།
ཀོ་བིཌ་-༡༩ ཐོབ་མི་༡༧།
– ཐིམ་ཕུག་ལས་༥ །༼མི་མང་བརྟག་དཔྱད་ལས༽
དེ་ཚུ་ཡང་ སྡེཔ་སྲིད་ལས་༣། ཨོ་ལ་ཁ་ལས་༡། ཉི་ཟེར་སྒང་ལས་༡།
– ཕུན་ཚོགས་གླིང་ཟུར་བཞག་ལྟེ་བ་ལས་༡།
– སྤ་རོ་ལས་༡༠༼ཧེ་མ་ལས་ནད་འབུབ་ཐོབ་མི་ཚུ་དང་འབྲེལ་ཡོད་མི་ཚུ་༽
ཤར་པ་༦། འོ་ཆུ་ལས་༡། ལམ་གོང་ལས་༡། སྐྱིད་ཆུ་ལས་༡། སྦོང་སྡེ་ལས་༡།
– དར་དཀར་ནང་ལས་༡ ༼ཧེ་མ་ ལྷ་མོའི་རྫིང་ཁ་ལས་ ནད་འབུབ་ཐོབ་མི་དང་འབྲེལ་ཡོད་མི་༽

འགྲུལ་སྐྱོད་བཀག་དམ་ ཉིནམ་༦ པ།
སྤྱི་ཟླ་༡༢ པའི་ཚེས་༢༥ ལུ།
ཀོ་བིཌ་-༡༩ ཐོབ་མི་༣༨།
– ཐིམ་ཕུག་ལས་ མི་༢༩ ༼མི་མང་བརྟག་དཔྱད་འབད་ལས༽
དེ་ཚུ་ཡང་ ལྕང་ལྗགས་ལུང་ལས་༧། བདེ་ཆེན་ཆོས་གླིང་ལས་༡༣། སྡེཔ་སྲིད་ལས་༡། ལྕང་སྒང་ཁ་ལས་༤། མུ་ཏིག་ཐང་ལས་༢། དཀར་སྦིས་ས་ལས་༢།
– ཧཱ་ལས་༡། ༼ཧེ་མ་སྤ་རོ་ལས་ནད་འབུབ་འཐོབ་མི་དང་འབྲེལ་བ་ཡོད་མི།༽
– བུམ་ཐང་ལས་༢། ༼ཧེ་མ་སྤ་རོ་ལས་ནད་འབུབ་འཐོབ་མི་དང་འབྲེལ་བ་ཡོད་མི་ཚུ།༽
– ཀྲོང་གསར་ལས་༡། ༼ཧེ་མ་སྤ་རོ་ལས་ནད་འབུབ་འཐོབ་མི་དང་འབྲེལ་བ་ཡོད་མི་༽
– ཕུན་ཚོགས་གླིང་ཟུར་བཞག་མཐུན་རྐྱེན་ལྟེ་བ་ལས་༢།༼ནད་འབུབ་ཐོབ་མི་༢ ར་ཕྱི་མི་ཨིན་པས།༽
འགྲུལ་སྐྱོད་བཀག་དམ་ ཉིནམ་༥ པ།
སྤྱི་ཟླ་༡༢ པའི་ཚེས་༢༤ ལུ།
ཀོ་བིཌ་-༡༩ ཐོབ་མི་༢༡ །
– ཐིམ་ཕུག་ལས་༩ །༼མི་སྡེ་ལས་༦། ཧེ་མ་ལས་ནད་འབུབ་ཐོབ་མི་དང་འབྲེལ་འཐབ་མི་༨། ཚ་རིམས་སྨན་བཅོས་ལྟེ་བ་ལས་༥།༽
-བུམ་ཐང་ལས་༡། ༼ཧེ་མ་ལས་ནད་འབུབ་ཐོབ་མི་དང་འབྲེལ་བ་འཐབ་མི༽
– དབང་འདུས་ཕོ་བྲང་ལས་༡། ༼ཧེ་མ་ལས་ནད་འབུབ་ཐོབ་མི་དང་འབྲེལ་བ་འཐབ་མི༽

འགྲུལ་སྐྱོད་བཀག་དམ་ ཉིནམ་༤ པ།
སྤྱི་ཟླ་༡༢ པའི་ཚེས་༢༣ ལུ།
ཀོ་བིཌ་-༡༩ ཐོབ་མི་༢༡ །
– ཐིམ་ཕུག་ལས་ མི་༥ ༼ཚ་རིམས་སྨན་བཅོས་ཁང་ལས།༽
– བུམ་ཐང་ལས་ མི་༡ ༼ཚ་རིམས་སྨན་བཅོས་ཁང་ལས།༽
– སྤ་རོ་ལས་༡༥ ༼སློབ་ཕྲུག་༡༤ དང་ ཕམ་༡༽

འགྲུལ་སྐྱོད་བཀག་དམ་ ཉིནམ་༣ པ།
སྤྱི་ཟླ་༡༢ པའི་ཚེས་༢༢ ལུ།
ཀོ་བིཌ་-༡༩ ཐོབ་མི་༡༢།
– སྤ་རོ་ལས་ མི་༣།
– ཐིམ་ཕུག་ལས་ མི་༧ ༼༥ ཚ་རིམས་སྨན་བཅོས་ཁང་དང་༢ ནད་ཐོབ་མི་དང་ འབྲེལ་བ་ འཐབ་མི༽
– ལྷ་མོའི་རྫིང་ཁ་ལས་ མི་༡།
– ཕུན་ཚོགས་གླིང་གི་ ཟུར་བཞག་ལྟེ་བ་ལས་ མི་༡།

འགྲུལ་སྐྱོད་བཀག་དམ་ ཉིནམ་༢ པ།
སྤྱི་ཟླ་༡༢ པའི་ཚེས་༢༡ ལུ།
ཀོ་བིཌ་-༡༩ ཐོབ་མི་༢༡ །
– འབྲུག་བརྒྱུད་འཕྲིན་ལས་ མི་༤།
– ཆུ་བར་ཆུ་ལས་ མི་༡༢།
– ཚོད་བསྲེ་ཁྲོམ་ལས་ མི་༢།
– སྤུ་ན་ཁ་ལས་ མི་༢།
– ཐིམ་ཕུག་གི་ཟུར་བཞག་ལྟེ་བ་ལས་ མི་༡།

འགྲུལ་སྐྱོད་བཀག་དམ་ ཉིནམ་༡ པ།
སྤྱི་ཟླ་༡༢ པའི་ཚེས་༢༠ ལུ།
ཀོ་བིཌ་-༡༩ ཐོབ་མི་༣ །
– ཐིམ་ཕུག་ལས་ སྐྱེས་ལོ་༢༥ ལང་མི་ཨམ་སྲུ་༡།
– ཕུན་ཚོགས་གླིང་ལུ་ ཟུར་བཞག་ལྟེ་བ་ལས་ མི་༢།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *