བསོད་ནམས་མེ་ཀེ་དཔལ་འབྱོར།

འཁྲབ་རྩེདཔ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ དོ་འགྲན་འབད་ནི།

༉ འཁྲབ་རྩེདཔ་ཨིན་མི་ བསོད་ནམས་མེ་ཀེ་དཔལ་འབྱོར་གྱིས་ ཐིམ་ཕུག་ཁྲོམ་སྡེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
ལོ་ངོ་༡༠ གྱི་རིང་ བརྡ་བརྒྱུད་དང་ བཟོ་སྐྲུན་ ལྟ་བཤལ་ དེ་ལས་ གློག་བརྙན་བཟོ་ནིའི་ནང་ ཉམས་མྱོང་ཡོད་མི་ སྐྱེས་ལོ་༣༤ ལང་མི་ བསོད་ནམས་མེ་ཀེ་དཔལ་འབྱོར་གྱིས་ བཤད་མིའི་ནང་ ཁོ་གིས་ ཐིམ་ཕུག་གི་ མི་སེར་ཚུ་ལུ་ ཞབས་ཏོག་ཞུ་ནི་དེ་ ཁོ་རའི་ རེ་འདོད་ཨིན་ཟེར་ཨིན་པས།
བསོད་ནམས་མེ་ཀེ་དཔལ་འབྱོར་དེ་ ཡར་སྐྱེད་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ཨིནམ་ད་ ཁོ་གིས་ སུ་ཡི་ཛར་ལེནཌི་ལས་ ཟ་ཁང་དང་ ལྟ་བཤལ་འཛིན་སྐྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་པའི་ཁར་ མཐོ་རིམ་ཤེས་ཚད་དེ་ ཀེ་ནེ་ཌ་ལས་ ཚོང་འབྲེལ་དང་མི་སྟོབས་ཀྱི་ འཛིན་སྐྱོང་ནང་ འབད་ཡོདཔ་ཨིན་པས།
ཁོ་ར་ ཚོང་འབྲེལ་འཐབ་མིའི་ བཟའ་ཚང་ནང་ལས་ཨིན་རུང་ ཁོ་གིས་ རྒྱལ་ཁམས་ཀྱི་དོན་ལུ་ སྲིད་དོན་མེན་པའི་ ཚོགས་ཁང་ནང་ ཕྱག་ཞུ་སྟེ་ གཅིག་མཐུན་ཐོག་ལས་ རྒྱལ་ཁབ་ཀྱི་དོན་ལུ་ ལཱ་འབད་ནིའི་ བློ་འདོད་ཡོད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ འདས་པའི་བཙག་འཐུ་སྐབས་ སྲིད་དོན་ཚོགས་པ་ལ་ལོ་ཅིག་ལས་ འཐུས་མི་སྦེ་ འཛུལ་དགོ་པའི་ གོ་སྐབས་ཐོབ་ཡོད་རུང་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
ཁོ་གིས་ ཧེ་མ་ལས་ དོ་འགྲན་འབད་ནིའི་ རེ་བ་ཡོད་རུང་ ཁོ་ལུ་ཉམས་མྱོང་མངམ་དགོ་ནི་དེ་གིས་ དོ་འགྲན་ནང་ མ་འཐོན་ཟེར་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་དེ་ མི་མང་ཤོས་ཀྱིས་ མི་ཁུག་ཁུགཔ་ཚུ་གི་ ཚོགས་ཁང་ཅིག་སྦེ་ སླབ་དོ་ཡོདཔ་ལས་ དེ་ནང་ བཅའ་མར་གཏོགས་ནིའི་ བློ་འདོད་ཡོད་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ འཕྲལ་ཁམས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ཚོགས་བཞུགས་མཇུག་བསྡུའི་ རྟེན་འབྲེལ་སྐབས་ རྒྱལ་ཡོངས་ཚོགས་སྡེ་གིས་ ཕྱག་ལཱ་གནང་མི་ལུ་ ངལ་རངས་ཡོད་ལུགས་ཀྱི་སྐོར་ལས་ གསུངས་མི་དེ་གིས་ ལྷག་པར་དུ་ ཁོ་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།
བཙག་འཐུ་འགྲུབ་པ་ཅིན་ ཁོ་གིས་ མི་དབང་མཆོག་གི་ དགོངས་བཞེད་ཡོད་མི་ཚུ་ གྲུབ་ཐབས་འབད་ནི་ཟེར་ཨིན་པའི་ཁར་ ད་རེས་ཀྱི་ ཚོགས་ཐེངས་ནང་ དོ་འགྲན་འབད་མི་ མངམ་འདུག་ཟེར་ཨིན་པས།
ཁོ་གིས་ རྒྱལ་ཁབ་ནང་ གློག་བརྙན་ས་ཕྱོགས་དགའ་མི་དགའ་དང་ སྦས་ཡུལ་དང་ ཀོ་རོསི་རོཌ་ཟེར་མི་ གློག་བརྙན་ཚུ་ནང་ འཁྲབ་རྩེདཔ་འབད་ཡོདཔ་ད་ ཁོ་གིས་ གློག་བརྙན་རྩེ་ནིའི་ སྤྲོ་བ་ཡོད་པའི་ཁར་ ཁོ་ར་ ཡུ་ཨེསི་ཨེ་ལུ་ཡོད་མི་ ཝི་ལི་ཡམ་ ཨིསི་པར་ ཨིསི་ཊི་ཌོ་ནང་ལས་ ཁྱད་རིག་གི་ཐོག་ལས་ འཁྲབ་རྩེདཔ་གི་ སྦྱོང་བརྡར་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་ གློག་བརྙན་བཟོ་བའི་ཁར་ མདོ་ཆེན་ཡང་ འབདཝ་ཨིན་པས།
གློག་བརྙན་ནང་ལཱ་འབད་བ་ཅིན་ མི་ལེ་ཤ་ལུ་ གོ་བརྡ་སྤྲོད་ཚུགས་ནི་དེ་གིས་ དེ་ནང་ ལཱ་འབད་ནི་ལུ་ སྤྲོ་བ་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཁོ་གིས་ འགོ་ཁྲིད་ཀྱི་སྐོར་ལས་ སླབ་པའི་སྐབས་ ཁོ་ར་ ཀེ་ནི་ཌ་ལུ་སྡོདཔ་ད་ རྒྱལ་སྤྱི་སློབ་ཕྲུག་མཐུན་ཚོགས་ཀྱི་ འགོ་ཁྲིདཔ་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ རྒྱལ་ཁབ་ནང་ ན་གཞོན་ཚུ་ལུ་ དེང་སང་གི་ དུས་བབས་གྱོན་ཆས་ནང་ སྦྱོང་བརྡར་ཚུ་བྱིན་ཡི་ཟེར་ བཤད་པའི་ཁར་ འདེམས་ངོ་མངམ་ཐོན་ཡོདཔ་ལས་ ཐིམ་ཕུག་གི་ མི་ཚུ་གིས་ གདམ་ཁ་མངམ་ རྐྱབ་ཚུགས་ནི་མས་ཟེར་ སླབ་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *