འཁྲབ་གཞསཔ་༡༣ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ།

༉ ཁ་ཙ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་འཁྲབ་གཞསཔ་ སྐྱེས་ལོ་༣༠ ལས་༤༨ ཀྱི་བར་ན་འབད་མི་ ཕོ་སྐྱེས་༡༠ དང་ ཨམ་སྲུ་༣ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོན་ནུག།

སྡེ་ཚན་དེ་ འཕྲལ་ཁམས་ཅིག་ཁར་ བང་ལ་དེཤ་ལུ་ རང་ལུགས་ཀྱི་ སྤྲོ་སྟོན་ལས་རིམ་ སྤྱན་འབུལ་ཞུ་སྟེ་ རྒྱལ་ཁབ་ནང་ ལོག་ལྷོད་པའི་ཤུལ་ལས་ ཐིམ་ཕུག་ལུ་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཅིག་ནང་ བཞག་པའི་སྐབས་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

འཁྲབ་གཞསཔ་༢༢ འབད་མི་ སྡེ་ཚན་དེ་ སྤྱི་ཟླ་༣ པའི་ཚེས་༡༩ ལུ་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ སོང་མི་དེ་ཡང་ བང་ལ་དེཤ་རྒྱལ་ཁབ་ རང་དབང་ཐོབ་སྟེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གི་ འཐུས་མི་གྲངས་སུ་སྦེ་ སོང་ཡོདཔ་ཨིན་པས།

དེ་འབདཝ་ད་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ ཟུར་བཞག་མཐུན་རྐྱེན་ནང་བཞུགས་མི་ བློན་ཆེན་དང་ ཁོ་རའི་ སྲུང་སྐྱོབ་འགོ་དཔོན་དང་ ཕྱག་ཞུ་མི་ཚུ་ལུ་ བརྟག་དཔྱད་འབདཝ་ད་ ཁ་ཙ་ ནད་འབུབ་མེད་པའི་ གྲུབ་འབྲས་ཐོན་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *