ཟླཝ་དག་པ་ཅིག་ལང་ཚུགས་པའི་ ཉེར་མཁོའི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ད་ལས་ཕར་ རྒྱལ་ཁབ་ནང་ འགྲུལ་སྐྱོད་བཀག་དམ་ ཟླཝ་དག་པ་དེ་ཅིག་འབད་རུང་ ཐིམ་ཕུག་རྫོང་ཁག་དང་ རྒྱལ་ཡོངས་ཀྱི་དོན་ལུ་ ཉེར་མཁོའི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེདཔ་ཨིན་པས།

དེ་ཡང་ རྒྱལ་ཡོངས་ཀྱི་དོན་ལུ་ འབྲུག་ཟ་སྤྱོད་ལས་འཛིན་ཚད་ཀྱིས་ མར་མེ་ཊིག་ཊཱོན་༥.༤༣ དང་ དར་ཚིལ་མེ་ཊིག་ཊཱོན་༥༧.༧༨ ཨོམ་མེ་ཊིག་ཊཱོན་༡༠༥.༥༥ ཨོ་ཕྱེ་མེ་ཊིག་ཊཱོན་༣༡༤༣.༢༠ ཇ་པ་ཏི་མེ་ཊིག་ཊཱོན་༣༠.༨༦ ཕྱེ་མེ་ཊིག་ཊཱོན་༧༡.༧༣ དེ་ལས་ མར་ཁུ་མེ་ཊིག་ཊཱོན་༥༨༡.༣༣ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྲནམ་མེ་ཊིག་ཊཱོན་༢༠༦ དང་ ཆུམ་མེ་ཊིག་ཊཱོན་༦༡༢༢.༩༣ ཚྭ་མེ་ཊིག་ཊཱོན་༡༨༦.༩༤ དེ་ལས་ གུ་རམ་མེ་ཊིག་ཊཱོན་༣༡༥.༦༤ མཁོ་སྒྲུབ་འབད་ཡོདཔ་སྦེ་ འབྲུག་ཟ་སྤྱོད་ལས་འཛིན་ཚད་ཀྱིས་ སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པས།

ཐིམ་ཕུག་རྫོང་ཁག་གི་དོན་ལུ་ འབྲུག་ཟ་སྤྱོད་ལས་འཛིན་ཚད་ཀྱིས་ མར་མེ་ཊིག་ཊཱོན་༠.༩༨ དང་ དར་ཚིལ་མེ་ཊིག་ཊཱོན་༡.༤༢ ཨོམ་མེ་ཊིག་ཊཱོན་༡༤.༡༣ ཨོ་ཕྱེ་མེ་ཊིག་ཊཱོན་༣༥༣.༥༦ ཇ་པ་ཏི་མེ་ཊིག་ཊཱོན་༢.༨༦ ཕྱེ་མེ་ཊིག་ཊཱོན་༣.༦༦ དེ་ལས་ མར་ཁུ་མེ་ཊིག་ཊཱོན་༨༢.༣༤ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྲནམ་མེ་ཊིག་ཊཱུན་༢༢.༡༢ དང་ ཆུམ་མེ་ཊིག་ཊཱོན་༨༩༩.༥༨ ཚྭ་མེ་ཊིག་ཊཱོན་༡༤.༤༥ དེ་ལས་ གུ་རམ་མེ་ཊིག་ཊཱོན་༡༩.༤༦ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།

འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ཚད་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ད་རེས་ ནོར་ཤ་མེ་ཊིག་ཊཱོན་༢.༡༨ དང་ མར་མེ་ཊིག་ཊཱོན་༠.༠༥ དར་ཚིལ་མེ་ཊིག་ཊཱོན་༠.༢༥ བྱ་ཤ་མེ་ཊིག་ཊཱོན་༣༥.༢༢ ཕག་ཤ་མེ་ཊཱིག་ཊཱོན་༢.༠༢ ནང་འཁོད་ཕག་ཤ་མེ་ཊིག་ཊཱོན་༡.༤༠ དེ་ལས་ ཉ་མེ་ཊིག་ཊཱོན་༠.༤༢ མཁོ་སྒྲུབ་འབད་དེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ མཁོ་སྒྲུབ་འབད་བཞག་མི་ ཉེར་མཁོ་ཅ་ཆས་ དཔེ་འབད་བ་ཅིན་ སྒོང་རྡོག་གྱངས་ཁ་༢༥༩,༣༥༠ དང་ བྱ་ཤ་ཤོག་སྒམ་རྐྱབ་མི་༡,༡༥༠ དེ་ལས་ སྤྱི་ལོ་༢༠༢༡ ཟླ་༦ པའི་ཚེས་༣ ཚུན་ བྱ་ཤ་རྒྱུ་མ་ཆགཔ་༧,༣༡༨ མཁོ་སྒྲུབ་འབད་ཡོདཔ་སྦེ་ཨིན་པས།

ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ནང་ ཁ་ཙ་ཚུན་ ཁག་དྲགས་ཀུ་ཀེ་ཇི་༤༠༠ དང་ དོ་ལོམ་ཀེ་ཇི་༩༠༦ འདབ་མ་ཀོ་པི་ཀེ་ཇི་༨༤༠ ལ་ཕུག་དམརཔོ་ཀེ་ཇི་༡༢༥ ཨེ་མ་སྦོམ་ཀེ་ཇི་༣༢༥ གོན་ཀེ་ཇི་༤༡༠ ཨེ་མ་སྐམ་ཀེ་ཇི་༢༩༩༠ གླང་ཅུ་རྭཝ་གི་སོན་ཀེ་ཇི་༤༨༠ སྒོགཔ་ཀེ་ཇི་༩༢༧༠ དེ་ལས་ ཀེ་བ་ཀེ་ཇི་༥༧,༦༩༠ མཁོ་སྒྲུབ་འབད་དེ་ཡོད་ཟེར་ཨིན་པས།

དེ་དང་འདྲཝ་སྦེ་ བླམ་བན་ད་ཀེ་ཇི་༦,༨༠༠ དང་ ཨེ་མ་ཆུང་ཀུ་ཀེ་ཇི་༥༦༠ ལ་ཕུག་ཀེ་ཇི་༡༣༠ ཨེ་པཱལ་ཀེ་ཇི་༣,༠༠༠ གུ་ལི་ཀེ་ཇི་༡༣༥ ཀི་ཝི་ཀེ་ཇི་༢༡ ཚལ་ལུ་ཀེ་ཇི་༡,༧༡༠ ཆུ་གོན་ཀེ་ཇི་༥,༥༥༥ དེ་ལས་ ངང་ལ་ཀེ་ཇི་༤,༢༣༣ མཁོ་སྒྲུབ་འབད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *