ཟླ་ཁྲག་འོང་པའི་སྐབས་ སློབ་ཕྲུག་བུམོ་བརྒྱ་ཆ་༤༤.༧ གྱིས་ སློབ་གྲྭ་ནང་ མི་འགྱོ་དོ་ཡོདཔ།

༉ སློབ་གྲྭའི་བུམོ་དང་ ཨ་ནེམོ་ཚུ་གི་ ཟླ་ཁྲག་འཛིན་སྐྱོང་བརྟག་ཞིབ་དང་འཁྲིལཝ་ད་ སློབ་གྲྭའི་བུམོ་བརྒྱ་ཆ་༦༠ དེ་ཅིག་གིས་ ཟླ་ཁྲག་འོང་པའི་སྐབས་ ལྷ་ཁང་དང་ དགོན་སྡེ་ཚུ་ནང་ འཛུལ་ནི་མི་འོང་ཟེར་ སླབ་ཨིན་པས།
ཤེས་རིག་ལྷན་ཁག་དང་ ཡུ་ནི་སི་ཨེཕ་གིས་ བརྟག་ཞིབ་འབད་མི་ སྙན་ཞུ་ནང་ སྐྱེས་ལོ་༡༠ ལས་༡༩ འི་བར་ན་འབད་མི་ སློབ་ཕྲུག་བུམོ་དང་ ཨ་ནེམོ་ཚུ་གི་ ཤེས་ཡོན་དང་སྤྱོད་ལམ་ དེ་ལས་ ཟླ་ཁྲག་འོང་པའི་སྐབས་ འཛིན་སྐྱོང་དང་ ལག་ལེན་ཚུ་གི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༨ ལུ་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ ཟླ་ཁྲག་འཕྲོད་བསྟེན་འཛིན་སྐྱོང་གི་ ཉིནམ་བརྩི་སྲུང་འབད་ཡོདཔ་ད་ མ་གཞི་ ཟླ་ཁྲག་འོང་ནི་དེ་ སྐྱེ་ལྡན་གྱི་ བྱ་རིམ་ཅིག་ཨིན་རུང་ ཁམས་ལོག་སི་སི་དང་ ངོ་ཚ་ནི་ལ་སོགས་པ་ཅིག་སྦེ་ བརྟག་ཞིབ་འབད་བའི་སྐབས་ ཤེས་རྟོགས་བྱུང་ནུག།
སློབ་གྲྭའི་བུམོ་ བརྒྱ་ཆ་༤༢.༢ དེ་ཅིག་གིས་ སླབ་མིའི་ནང་ ཟླ་ཁྲག་ལུ་བརྟེན་ ཧམ་སྤུའི་གནོད་པ་བྱུང་ཡོད་པའི་སྐོར་ལས་ ཤེས་ཡོད་རུང་ བུམོ་བརྒྱ་ཆ་༥༧.༡ དེ་ཅིག་གིས་ ཟླ་ཁྲག་འཕྲོད་བསྟེན་དེ་ ལེགས་ཤོམ་སྦེ་ འཛིན་སྐྱོང་མ་འབད་བ་ཅིན་ སྐྱེ་རྒྱུན་ནང་ གནོད་སྐྱོན་ཕོག་ནི་ལུ་ ཧ་མ་གོ་བར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བརྟག་ཞིབ་འབད་བའི་སྐབས་ ཟླ་ཁྲག་འཕྲོད་བསྟེན་ ལེགས་ཤོམ་སྦེ་ འཛིན་སྐྱོང་མ་འཐབ་པ་ཅིན་ གནོད་པ་བྱུང་བའི་སྐོར་ལས་ ཨ་ནེམོ་བརྒྱ་ཆ་༤༠ གིས་ མ་ཤེས་པའི་ཁར་ ཨ་ནེམོ་མང་ཤོས་ཅིག་གིས་ ཆབ་དོང་གནོད་སྐྱོན་རྐྱབ་ཡོད་པའི་སྐོར་ ཤེས་རྟོགས་མ་བྱུང་པས་ཟེར་ཨིན་པས།
དེ་ལས་ བརྟག་ཞིབ་འབད་བའི་སྐབས་ ཨ་ནེམོ་བརྒྱ་ཆ་༧.༡ དེ་ཅིག་གིས་ ཟླ་ཁྲག་དེ་ ཁ་ངན་དང་ བརྒྱ་ཆ་༥.༤ དེ་ཅིག་གིས་ གནོད་པའི་གཞི་ཅིག་ཨིན་མས་ཟེར་ སླབ་ཡོདཔ་ཨིན་པས།
ཨ་ནེམོ་ཕྱེད་ཀ་དེ་ཅིག་གིས་ ཟླ་ཁྲག་འོང་པའི་སྐབས་ གཙང་རས་བཀོག་སའི་ ས་གོ་མེད་པ་ལུ་བརྟེན་ སློབ་ཁང་ནང་ འགྱོ་མ་ཚུགས་པར་ སྡོད་དོ་ཡོདཔ་བཞིན་དུ་ གསང་སྤྱོད་ཁམས་ལོག་སི་སི་དང་ གཙང་རས་མ་ཐོབ་པའི་ གནད་དོན་དེ་གིས་ཡང་ སློབ་ཁང་ནང་ འགྱོ་ནི་ལུ་ ཆད་དོ་ཡོདཔ་ཨིན་པས།
བརྟག་ཞིབ་ཀྱི་དྲི་བ་ལུ་ ལན་འབད་མི་དང་འཁྲིལཝ་ད་ བུམོ་བརྒྱ་ཆ་༩༠ གིས་ ཟླ་ཁྲག་ཐོན་རུང་ སློབ་གྲྭ་ནང་ འགྱོ་དོ་ཟེར་ སླབ་ཡོདཔ་བཞིན་དུ་ སློབ་གྲྭའི་བུམོ་ ཕྱེད་ཀ་དེ་ཅིག་གིས་ ཟླ་ཁྲག་འོང་པའི་སྐབས་ སློབ་ཁང་ནང་ མ་འགྱོ་བར་ ངལ་གསོ་སྦེ་ སྡོད་དོ་ཟེར་ཨིན་པས།
ཨིན་རུང་ བརྒྱ་ཆ་༤༤.༧ གྱིས་ ཟླ་ཁྲག་འོང་ནིའི་དུས་ཚོད་ཀྱི་ ཉིནམ་༡ ལས་༤ དེ་ཅིག་ སློབ་ཁང་ནང་ འགྱོ་ནི་མེད་མི་ གནད་དོན་གཙོ་ཅན་གཅིགཔོ་དེ་ ན་ནི་དང་ སྟབས་མ་བདེ་མི་ལུ་བརྟེན་ འགྱོ་མི་ཚུགས་དོ་ཡོདཔ་ཨིན་པས།
ཨ་ནེམོ་གི་ཐད་ཁར་ ཆོས་ལུགས་ལུ་བརྟེན་ འགྱོ་མ་ཆོགཔ་སྦེ་ཡོད་མི་དེ་ ཨ་ནེམོ་ནང་འཁོད་ལུ་ དར་ཁྱབ་སོང་སྟེ་ཡོདཔ་ད་ ཨ་ནེམོ་བརྒྱ་ཆ་༣༣.༢ དེ་ཅིག་ ཟླ་ཁྲག་འོང་མི་ ཨམ་སྲུ་ཚུ་གིས་ ཆོས་འབད་སར་ མི་འགྱོ་བས་ཟེར་ སླབ་ཡོདཔ་བཞིན་དུ་ ཨ་ནེམོ་བརྒྱ་ཆ་༧༦.༥༨ དེ་ཅིག་གིས་ གཙང་རས་ཚུ་ ག་གིས་ཡང་ མ་མཐོངམ་སྦེ་ ཉོ་ནི་དེ་ ཁག་ཆེ་ཟེར་ སླབ་ཡོདཔ་ཨིན་པས།
བརྟག་བརྟག་ཞིབ་འབད་བའི་སྐབས་ ཨམ་སྲུ་བརྒྱ་ཆ་༩༠ གིས་ ནེབ་ཀིན་དང་ གོ་ལ་ ཨ་ཅོ་ལྟོ་རས་དང་གཅིག་ཁར་ གཙང་རས་སྦེ་ ལག་ལེན་འཐབ་དོ་ཟེར་ཨིན་རུང་ སློབ་གྲྭའི་ བུམོ་བརྒྱ་ཆ་༣ དེ་ཅིག་གིས་ ཟླ་ཁྲག་འོང་པའི་སྐབས་ སིམ་བཏུབ་པའི་ ཅ་ཆས་ཚུ་ ག་ནི་ཡང་ ལག་ལེན་མི་འཐབ་དོ་ཡོདཔ་ཨིན་པས།
ལན་རྐྱབ་མི་ མང་ཤོས་ཅིག་གིས་ བཀོད་མིའི་ནང་ གོ་ལ་གིས་བཟོ་མི་ གཙང་རས་ཚུ་ཡང་ ཉིནམ་ནང་ སྐམ་དོ་ཟེར་ཨིནམ་ད་ བརྟག་ཞིབ་འབདཝ་ད་ ལན་སླབ་མི་༡༠ ལས་ བུམོ་ཅིག་གིས་ གོ་ལའི་གཙང་རས་ཚུ་ ཁྱིམ་གྱི་ནང་ར་ སྐམ་དོ་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་ལས་ སློབ་ཕྲུག་བུམོ་བརྒྱ་ཆ་༨ དང་ ཨ་ནེམོ་བརྒྱ་ཆ་༧.༡ གིས་ ལོག་ལག་ལེན་འཐབ་བཏུབ་པའི་ གཙང་རས་ཚུ་ གོ་ལ་གཞན་མི་དང་གཅིག་ཁར་ གཡིབ་སྟེ་ སྐམ་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
སློབ་ཕྲུག་དང་ ཨ་ནེམོ་ཚུ་ལུ་ ཟླ་ཁྲག་སྐོར་ལས་ བརྡ་དོན་བྱིན་ནི་དེ་ ཨའི་གཙོ་ཅན་ཅིག་ཨིནམ་ད་ བརྡ་དོན་བྱིན་ནི་ འགན་ཁུར་གཞན་མི་ཚུ་དེ་ སློབ་དཔོན་དང་ ཨ་ཞེམ་ དེ་ལས་ ཆ་རོགས་ཚུ་ཨིན་མས་ཟེར་ བརྟག་ཞིབ་འབད་བའི་སྐབས་ ཤེས་ཡོདཔ་ད་ དམིགས་བསལ་གྱི་ ཨ་ལོ་གི་ཐད་ཀར་ ཟླ་ཁྲག་འོང་པའི་སྐབས་ འཛིན་སྐྱོང་འཐབ་ནི་ལུ་ ལཱ་ཁག་ཨིནམ་ལས་ དེ་བསྒང་ནང་ ཕམ་ཚུ་གིས་ སློབ་གྲྭ་ནང་ མ་བཏང་པར་ ཁྱིམ་ནང་བཞག་དོ་ཡོདཔ་ཨིན་པས།
བརྟག་ཞིབ་སྐབས་ མང་ཤོས་ཅིག་གིས་ སློབ་གྲྭ་ནང་ ཟླ་ཁྲག་འོང་པའི་སྐབས་ ཆུ་འཁྱུ་ནིའི་དོན་ལུ་ ཆུའི་དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ བརྟག་ཞིབ་འབད་བའི་སྐབས་ སློབ་ཕྲུག་བུམོ་༡,༥༢༦ དང་ ཨེ་ནམོ་༢༠༢ དང་ འབྲེལ་བ་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *