འཇིགས་མེད་ཤེས་རབ་གླིང་ སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ ཟླ་ཁྲག་གཙང་སྦྲ་དང་ལྡནམ་སྦེ་ འཛིན་སྐྱོང་འཐབ་ཐངས་ཀྱི་སྐོར་ལས་ འཁྲབ་སྟོན་སྤྱན་འབུལ་ཞུ་བའི་བསྒང་།

ཟླ་ཁྲག་གཙང་སྦྲ་དང་ལྡནམ་སྦེ་ བཞག་ཐབས་ཀྱི་ ཉིནམ་བརྩི་སྲུང་།

༉ ཁ་ཙ་ བཀྲིས་སྒང་མཁའ་གླིང་ལུ་ འཇིགས་མེད་ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ནང་སྦེ་ ཨམ་སྲུ་དང་ བུམོ་ཚུ་ལས་ཐོན་མི་ ཟླ་ཁྲག་འཛིན་སྐྱོང་འབད་ཐངས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ ཟླ་ཁྲག་གཙང་སྦྲ་དང་ལྡནམ་སྦེ་ འཛིན་སྐྱོང་འཐབ་ཐངས་ཀྱི་ ཉིནམ་བརྩི་སྲུང་འབདཝ་ད་ མཁའ་གླིང་སློབ་གྲྭ་ལྟེ་བ་དང་ མུན་གསལ་གླིང་སློབ་ཁང་གི་སློབ་ཕྲུག་དང་ མི་སྡེའི་འཐུས་མི་ དེ་ལས་ ཉེ་འདབས་ཀྱི་ ཨ་ནེམོ་གྲྭ་ཚང་ཚུ་ལས་ ཨ་ནེམོ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་བསྒང་ སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ ཟླ་ཁྲག་གཙང་སྦྲ་དང་ལྡནམ་སྦེ་ འཛིན་སྐྱོང་འཐབ་ཐངས་ཀྱི་སྐོར་ལས་ འཁྲབ་སྟོན་ཐུང་ཀུ་ཅིག་ སྤྱན་འབུལ་ཞུ་ཡོདཔ་མ་ཚད་ ཤེས་རིག་ལྷན་ཁག་ སློབ་གྲྭའི་འཕྲོད་བསྟེན་དང་ ཟས་བཅུད་སྡེ་ཚན་གྱི་ ལས་རིམ་གཙོ་འཛིན་འགོ་དཔོན་འོག་མ་ བདེ་སྐྱིད་མཚོ་མོ་གིས་ ནང་འཁོད་ལུ་བཟོ་མི་ ཨམ་སྲུའི་གཙང་རས་སམ་ སྨད་འགབ་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ འགྲེམ་སྟོན་ཡང་འབད་ནུག།
མོ་གིས་འབད་བ་ཅིན་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་མི་དེ་ཡང་ ཨམ་སྲུ་དང་ བུམོ་ཚུ་གི་དོན་ལུ་རྐྱངམ་གཅིག་མེན་པར་ ཕོ་སྐྱེས་དང་ བུཚ་ཚུ་ལུ་ཡང་ གནད་དོན་དེ་གི་སྐོར་ལས་ ཤེས་རྟོགས་ཡོདཔ་བཟོ་སྟེ་ ཁོང་གི་མཉམ་རོགས་ཚུ་ལུ་ ཕྱི་གཟུགས་དང་ ནང་སེམས་གཉིས་ཆ་རའི་ཐོག་ལས་ རྒྱབ་སྐྱོར་བྱིན་ཐབས་ལུ་ཨིན་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *