འགྱུར་མེད་བསྟན་འཛིན།

ཞིབ་དཔྱོད་པ་བགྲེསཔ་ཅིག་གིས་ ལྷུན་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ དོ་འགྲན་འབད་ནི།

༉ མི་སྡེ་དང་ རྒྱལ་ཡོངས་ཚོགས་སྡེ་ནང་ ཁྱད་པར་བཟོ་ནིའི་དམིགས་གཏད་བསྐྱེད་མི་ སྐྱེས་ལོ་༣༥ ལང་མི་ འགྱུར་མེད་བསྟན་འཛིན་གྱིས་ ལྷུན་རྩེ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་ ཐག་མ་བཅད་པའི་ཧེ་མར་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚོང་རིག་ནང་ མཐོ་རིམ་ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལས་ རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་ལས་ དངུལ་འབྲེལ་འཛིན་སྐྱོང་ཌིབ་ལོ་མའི་ སྦྱོང་བརྡར་མཇུག་བསྡུ་སྟེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཞིབ་དཔྱོད་པ་སྦེ་ ལོ་༤ གི་རིང་ ལཱ་འབད་ཡོདཔ་ཨིན་པས།
ཁོ་ར་ ཀུར་སྟོད་རྒེད་འོག་ ལྕགས་འཛོམས་གཡུས་ཚན་ལས་ཨིནམ་ད་ ཁོ་གིས་ དགོངས་ཞུ་འབད་དེ་ རྒྱ་མཚོ་ལྟ་བཤལ་དང་མཛོད་ཁང་ཟེར་མི་ ཚོང་འབྲེལ་འགོ་བཙུགས་ཡོདཔ་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ འགན་ཁུར་སྦོམ་ཡོད་རུང་ ཁོ་གིས་ གཙོ་བོ་ར་ དམངས་གཙོའི་ལམ་ལུགས་སྒྲིང་སྒྲི་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
འགན་ཁུར་ག་དེམ་ཅིག་ཡོད་རུང་ གཞུང་སྐྱོང་ལེགས་ལྡན་ལེགས་ཤོམ་བཟོ་ནི་དེ་ མི་ངོ་རང་སོའི་ རང་བཞིན་གྱི་ འགན་ཁུར་ཅིག་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ཁོ་གིས་ དང་པ་ར་ རྩ་ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ ཁྲིམས་བཟོའི་ལཱ་འགན་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
འགྱུར་མེད་བསྟན་འཛིན་གྱིས་ བསྐྱར་ཞིབ་ཅན་དང་ བསྟར་སྤྱོད་འབད་ཚུགས་པའི་ ཁྲིམས་ལུགས་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ བཤད་པའི་ཁར་ སྲིད་བྱུས་ཚུ་ལུ་ བསྐྱར་ཞིབ་དང་རྒྱབ་སྣོན་ཚུ་འབད་བའི་སྐབས་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༩ པ་དང་འཁྲིལ་ འབད་ནི་ཟེར་ཨིན་པས།
དེ་མ་ཚད་ མི་ཚུ་ལས་ དོན་སྨིན་ཅན་གྱི་བསམ་འཆར་ལེན་ཏེ་ དོགས་པ་ཚུ་ཡོད་པའི་སྐབས་ མི་སེར་ཚུ་དང་བསྟུན་གྲོས་འབད་ནི་ཨིན་ཟེར་ སླབ་ཨིན་པས།
ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ དོ་འགྲན་འབད་ནིའི་དོན་ལུ་ ཧེ་མ་ལས་ ཚོགས་སྡེ་གི་ བྱ་སྒོ་ལམ་ལུགས་ཚུ་ ག་དེ་སྦེ་ར་ འབད་ནི་ཡོདཔ་ཨིན་ན་ཚུ་ བལྟ་ཡོད་པའི་ཁར་ ཚོགས་ཁང་ནང་ཡང་ ཐེངས་དག་པ་ཅིག་ བཅའ་མར་གཏོགས་པར་ ལྷོད་ཅི་ཟེར་ཨིན་པས།
འགྱུར་མེད་བསྟན་འཛིན་གྱིས་ གཞུང་གཡོག་ནང་ལས་ དགོངསམ་ཞུ་བའི་ཁར་ མི་སེར་གྱི་མཐའ་དོན་ལུ་ ལཱ་འབད་ནིའི་རེ་བ་ཡོདཔ་ལས་ ཁོང་རའི་ཚོང་ལཱ་དེ་ཡང་ བཀོག་བཞག་སྟེ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ ཁོ་གིས་ ད་རེས་ནངས་པར་ གཡུས་ཚན་ཁག་ཚུ་ནང་ ལྟ་སྐོར་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *