སྲོས་རྒེད་འོག་ཡིག་ཚང་གི་ཕྱི་ཁར་ ལག་ལེན་མེད་པར་བཞག་མི་ པ་ཝར་ཊི་ལར།

ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་གྱིས་ ས་མཐོ་སར་ སྡོད་མི་ཚུ་ལུ་ ཕན་ཐོགས་རྒྱ་ཆེཝ་མེདཔ།

༉ འདས་པའི་གཞུང་གིས་ རྫོང་ཁག་༢༠ གི་རྒེད་འོག་༢༠༥ ལུ་ ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་༥ རེ་ བགོ་བཀྲམ་འབད་མི་དེ་གིས་ སོ་ནམ་པ་མང་ཤོས་ཅིག་ལུ་ ཕན་ཐོགས་བྱུང་ཡོད་རུང་ འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ མི་སེར་ཚུ་ལུ་ ཁྱད་པར་སྦོམ་ཅིག་ བཟོ་མ་ཚུགས་པས།
དཔེར་ན་ ཐིམ་ཕུག་རྫོང་ཁག་གི་ ས་ཁ་མཐོ་སའི་ས་གནས་ སྲོས་དང་ ནཱ་རོ་ དེ་ལས་ གླིང་བཞི་རྒེད་འོག་ཚུ་ནང་ པ་ཝར་ཊི་ལར་རེ་གཉིས་ བགོ་བཀྲམ་འབད་ཡོད་རུང་ དམིགས་གཏད་འབད་དོ་བཟུམ་ཅིག་ ཁེ་ཕན་བྱུང་མ་ཚུགས་མི་དེ་ བཟའ་སྤྱོད་འབད་ནིའི་ ས་ཞིང་གངམ་མེད་ནི་དེ་གིས་ཨིན་པས།
མོང་སྒར་དང་ བཀྲིས་སྒང་ སྤ་རོ་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ དེ་ལས་ རྫོང་ཁག་གཞན་ཚུ་ནང་ སོ་ནམ་པ་ཚུ་ལུ་ པ་ཝར་ཊི་ལར་གྱིས་ ཁྱབ་མ་ཚུགས་པར་ ཟླཝ་ལས་བཅད་དེ་ ཞིང་ལཱ་འབད་ནི་ལུ་ སྒུག་སྡོད་པའི་ཤུལ་ལུ་རྐྱངམ་གཅིག་ གཡོག་བཀོལ་ནི་གི་ གོ་སྐབས་ཐོབ་དོ་ཡོདཔ་ཨིན་པས།
ད་ལྟོ་ སྲོས་རྒེད་འོག་གི་ པ་ཝར་ཊི་ལར་ཚུ་ ཡིག་ཚང་གདོང་ཁའི་ ས་ཁོངས་ནང་ ལག་ལེན་གངམ་མེད་པར་ བཞག་ཡོདཔ་ཨིན་རུང་ ཚོགས་པ་ཕུརཔ་སྒྲོལ་མ་གིས་ སླབ་མིའི་ནང་ པ་ཝར་ཊི་ལར་ལུ་བརྟེན་ ཚོད་བསྲེ་ལྡུམ་ར་དང་ དཀར་དང་ནག་གི་ སོན་བཏབ་ནིའི་དོན་ལུ་ དུས་ཡུན་ཐུང་ཀུ་ཅིག་ནང་ ཞིང་རྨོ་ཚུགས་པས་ཟེར་ཨིནམ་ད་ ཧེ་མ་ འབད་བ་ཅིན་ མི་སེར་ཚུ་ ཉིནམ་༡ གི་རིང་ ཞིང་བརྐོ་དགོ་ཟེར་ སླབ་ཨིན་པས།
ད་རུང་ པ་ཝར་ཊི་ལར་དེ་ ནོར་གྱི་རྩྭ་འཛུགས་སྐྱོང་དང་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ རྡོ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་རུང་ སའི་ཆགས་ཚུལ་གྱི་ གནས་སྟངས་ལུ་བརྟེན་ རྒྱ་ཆེཝ་སྦེ་ ལག་ལེན་འཐབ་མི་ཚུགས་པས་ཟེར་ ཕུརཔ་སྒྲོལ་མ་གིས་ བཤདཔ་ཨིན་པས།
རྒེད་འོག་ནང་ གུང་པ་༢༨ ཡོད་རུང་ མི་ཚུ་ ལ་ནོར་ཚུ་དང་གཅིག་ཁར་ རི་དང་ལུང་གཤོང་ཚུ་ནང་ སྒར་བཅགས་སྡོད་མི་ལུ་བརྟེན་ དུས་ཚོད་མང་ཤོས་ར་ ཁྱིམ་སྟོངམ་སྦེ་ བཞག་དོ་ཡོདཔ་ཨིན་པས།
སྲོས་རྒཔོ་དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ པ་ཝར་ཊི་ལར་གྱི་ཚབ་ལུ་ རྩྭ་བཏོག་འཕྲུལ་གནང་དགོཔ་སྦེ་ ཞུ་བ་ཕུལ་ཡོད་རུང་ ངོས་ལེན་མེད་པར་ ལོ་༥ ལང་སོ་ཡི་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས། སྲོས་རྒེད་འོག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *