ཞི་བའི་མི་སྡེ་ལས་ཚོགས་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ ཆ་འཇོག་འབད་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་ ཞི་བའི་མི་སྡེ་ལས་ཚོགས་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ ཆ་འཇོག་ འབད་ཡོདཔ་ལས་ བསྐྱར་གྲོས་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ལུ་ གཏང་ནི་ཨིན་པས།

དཔྱད་ཡིག་དེ་ནང་ དོན་ཚན་དག་པ་ཅིག་ལུ་ འཕྲི་སྣོན་འབད་ཡོད་མི་ལུ་ ཚོགས་ཁང་གི་འཐུས་མི་ཚུ་གིས་ མོས་མཐུན་བྱུང་སྟེ་ ཁ་ཙ་ ཚོགས་རྒྱན་བཙུགས་པའི་སྐབས་ འཐུས་མི་༢༡ འོང་མི་ག་ར་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ཆ་འཇོག་འབད་མི་དེ་གིས་ ད་ལྟོ་ གཞི་བཙུགས་འབད་མི་དང་ མ་འོངས་པ་ལུ་ གཞི་བཙུགས་འབད་འདོད་ཡོད་མི་ ལས་ ཚོགས་ཚུ་གིས་ རྒྱལ་ཁབ་དང་ མི་སྡེའི་དོན་ལུ་ ཕན་ཐོགས་ཚུགས་པའི་ ཁེ་ཕན་འོང་ཟེར་ ལྷུན་རྩེའི་འཐུས་མི་ བསྟན་པ་རྡོ་རྡོ་རྗེ་གིས་ཞུ་ཡི། 

དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ དེ་གིས་ དབང་འཛིན་དེ་ སྒྲིང་སྒྲི་བཟོ་ཚུགས་པའི་ཁར་ མི་སྡེ་ལས་ཚོགས་ཚུ་ལུ་ ཕན་ཁྱད་འབྱུང་ནིའི་ རེ་བ་ཡོད་ཟེར་ཞུ་ཡི།

འཕྲི་སྣོན་དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཤུལ་མའི་ ཚོགས་རིམ་ནང་ གྲོས་བསྡུར་འབད་ནིའི་དོན་ལུ་ ལོག་གཏང་ནི་ཨིན་པས། 

ཁྲིམས་བཟོ་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ ཚོགས་ཆུང་གིས་ མ་འོངས་ པའི་ནང་ ལས་ཚོགས་བཟོ་འདོད་ཡོད་མི་དང་ ད་ལྟོ་ཡོད་མི་ཚུ་ སྒྲིང་སྒྲི་བཟོ་ནི་དེ་ ཁག་ཆེཝ་སྦེ་ མཐོང་ཡི་ཟེར་ཞུ་ཡི།

ཚོགས་ཆུང་གིས་ གྲོས་འབུལ་ཕུལ་མི་ཚུ་གིས་ མ་འོངས་པའི་ནང་ ཕན་ཐོགས་ནིའི་རེ་བ་ཡོད་ཟེར་ ཁྱད་ལྡན་གྱི་འཐུས་མི་ གིས་ ཞུ་ཡོདཔ་ད་ ལས་ཚོགས་དེ་གི་ དྲུང་ཆེན་ཡིག་ཚང་ སྒྲིང་སྒྲི་བཟོ་ནི་དེ་ཡང་ ཁག་ཆེཝ་ལས་ འཕྲི་སྣོན་ནང་ གཙོ་རིམ་བསྒྲིག་སྟེ་ བཙུགས་ཏེ་ཡོད་ཟེར་ཞུ་ཡི།

མི་སྡེ་ལས་ཚོགས་ གཞི་བཙུགས་འབད་འདོད་ཡོད་མི་དང་ ཧེ་མ་ལས་ ཡོད་མི་ཚུ་གིས་ དབང་འཛིན་དང་ དྲུང་ཆེན་ཡིག་ཚང་ལས་ ཁེ་ཕན་ལེན་ཏེ་ ཁག་ཆེ་བའི་ཐབས་བྱུས་དང་སྲིད་བྱུས་ ལམ་སྟོན་ཚུ་བྱིན་ཏེ་ ད་ལྟོ་བ་ལྷགཔ་སྦེ་ བརྩན་ཐབས་འགྱོ་སྟེ་ རྒྱལ་ཁབ་དང་མི་སྡེ་ལུ་ ཕན་ཐོགས་པའི་རེ་བ་ཨིན་ཟེར་ ཁྱད་ལྡན་གྱི་འཐུས་མི་གིས་ཞུ་ཡི།

ད་ལྟོ་ དཀའ་ངལ་བྱུང་མི་ཚུ་ལུ་ མ་འོངས་པའི་ནང་ རྒྱབ་སྐྱོར་འབད་ཚུགས་པའི་ རེ་བ་ཡང་ཨིན་ཟེར་ ཁྱད་ལྡན་གྱི་འཐུས་མི་གིས་ ཞུ་ཡི།

འཕྲི་སྣོན་དཔྱད་ཡིག་དེ་ལུ་ མོས་མཐུན་འབྱུང་མ་ཚུགས་མི་ དོན་ཚན་ཚུ་ལུ་ ནང་འཁོད་ཚོགས་བཞུགས་ནང་བཙུགས་ཏེ་ གྲོས་ བསྟུན་འབད་དེ་ ཚ་གྱང་ཡོད་མི་ གནད་དོན་ཁག་༧ ལུ་ ལོགས་སུ་སྦེ་ ལེགས་བཅོས་འབད་ཡོདཔ་ད་ དེ་ཡང་ དབང་འཛིན་ དང་འབྲེལ་བའི་ ལེགས་བཅོས་དང་ དྲུང་ཆེན་ཡིག་ཚང་ དེ་ལས་ ཡིག་ཚང་གི་ལས་བྱེདཔ་དང་ བཀོད་ཚོགས་ཀྱི་ལེགས་བཅོས་ དེ་བཟུམ་སྦེ་ ལས་ཚོགས་ཀྱི་ ལོ་བསྟར་རྩིས་ཁྲ་དང་ སྙན་ཞུ་དང་ རྩིས་ཞིབ་འབད་ཐངས་ཚུ་ ལེགས་བཅོས་འབད་ནིའི་སྐོར་ལས་ བཙུགས་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ག་དེམ་ཅིག་སྦེ་ དོན་ཚན་དག་པ་ཅིག་ལས་བརྒལ་བ་ཅིན་ ཉེས་འགེལ་ཕོག་དགོ་པའི་སྐོར་ལས་ བཀོད་དེ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *