འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭའི་སྐྱབས་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་དང་ མཉམ་འབྲེལ་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ།

ཝིག་ཊོ་རི་ཡ་གཙུག་ལག་སློབ་སྡེ་དང་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭའི་བར་ན་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ ཁ་ཙ་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭ་དང་ ཀེ་ན་ཌ་ལུ་ཡོད་མི་ ཝིག་ཊོ་རི་ཡ་གཙུག་ལག་སློབ་སྡེ་༢ ཀྱི་བར་ན་ མཉམ་འབྲེལ་ཞལ་འཛོམས་དང་པ་ འཚོགས་མི་དང་འབྲེལ་ གཙུག་སྡེ་༢ ཀྱི་བར་ན་ གན་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡི།
གན་ཡིག་དེ་ཡང་ ཁྲིམས་དོན་གཙུག་སྡེ་༢ ཀྱི་བར་ན་ མཐུན་འབྲེལ་དང་ ཞིབ་འཚོལ་གྱི་གྲོགས་རམ་ཚུ་ འབད་ནིའི་དམིགས་གཏད་ཡོདཔ་ཨིན་པས།
སློབ་གྲྭའི་སྒྲིག་འཛིན་ སངས་རྒྱས་རྡོ་རྗེ་གིས་ བཤད་མིའི་ནང་ གན་ཡིག་དེ་གིས་ འབྲུག་རྒྱལ་ཁབ་ནང་ ཁྲིམས་ཀྱི་སྦྱང་བ་འབད་མི་ ན་གཞོན་ཚུ་ལུ་ ཤེས་ཡོན་བྱིན་ཐབས་ལུ་ཨིན་ཟེར་ ཨིན་པས།
སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ན་གཞོན་ཚུ་ལུ་ དེང་སང་གི་ དུས་མཐུན་ཁྲིམས་ཀྱི་སྦྱོང་བརྡར་ཚུ་ཡང་ རྩ་ཁྲིམས་ཅན་གྱི་ཁྲིམས་དང་ཞི་བའི་ལམ་ལུགས་ཚུ་ལུ་ གཙོ་རིམ་བྱིན་ནི་ཨིན་རུང་ སློབ་ཕྲུག་ཚུ་ལུ་ འབྲུག་པའི་རང་ལུགས་དང་མཐུན་པའི་ ཁྲིམས་ཚུ་གི་སྐོར་ལས་ཡང་ སྦྱང་བ་ཚུ་འབད་ནི་ཨིན་པས།
ཁ་ཙ་ལས་འགོ་བཙུགས་མི་ ཉིན་གྲངས་༣ གྱི་ ཞལ་འཛོམས་དེ་གིས་ འབྲུག་པའི་ཁྲིམས་ལུགས་དང་ རྒྱལ་སྤྱི་གོང་འཕེལ་དང་ འབྲུག་གི་ཁྲིམས་དོན་ཁྱད་རིག་ དེ་ལས་ གཞན་ཡང་ གནམ་གཤིས་གནས་སྟངས་དང་ ཀེམ་བོ་ཌི་ཡ་རྒྱལ་ཁབ་ནང་ རྒྱལ་སྤྱི་གྲོགས་རམ་ལས་སྡེ་ལ་སོགས་པའི་ གནད་དོན་ཚུ་ལུ་ གྲོས་བསྡུར་ཚུ་འབད་ནི་ཨིན་པས།
ཁྲིམས་འབྲེལ་སློབ་གྲྭའི་སྒྲིག་འཛིན་ སངས་རྒྱས་རྡོ་རྗེ་གིས་ ཞལ་འཛོམས་འགོ་བཙུགས་པའི་སྐབས་ བཤད་མིའི་ནང་ གན་ཡིག་དེ་གིས་ རྒྱལ་སྤྱིའི་ཁྲིམས་ལུགས་འཛིན་སྐྱོང་འབད་ཐངས་སྐོར་ལས་ཡང་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁྲིམས་དོན་སློབ་གྲྭ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཞལ་འཛོམས་དེ་གིས་ རྒྱལ་སྤྱི་དཔལ་འབྱོར་དང་ རྒྱལ་སྤྱི་ གཞུང་སྐྱོང་དང་འབྲེལ་བའི་ ཁྲིམས་དོན་ཚུ་གི་སྐོར་ལས་ཡང་ ཧ་གོ་ཚུགས་ཟེར་ཨིན་པས།
ཞལ་འཛོམས་དེ་གི་སྐབས་ ཝིག་ཊོ་རི་ར་གཙུག་ལག་སློབ་སྡེ་དང་ གཞན་ཡང་ རྒྱ་གར་དང་ ཀེམ་བོ་ཌི་ཡ་ ཐའི་ལེནཌ་ དེ་ལས་ ཝེཊ་ནམ་རྒྱལ་ཁབ་ཀྱི་ ཁྲིམས་དོན་སློབ་གྲྭ་ཚུ་གིས་ཡང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ སློབ་གྲྭའི་སྐྱབས་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ དབུ་བཞུགས་ཐོག་ལས་ འགོ་འབྱེད་གནང་ཡི།
ཁ་ཙ་ ཉིནམ་དང་པའི་ནང་ རྩ་ཁྲིམས་དང་མཐུན་པའི་གོང་འཕེལ་དང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ རྒྱལ་རབས་དང་འབྲེལ་བའི་ ཁྲིམས་དང་ གཞུང་སྐྱོང་ལེགས་ལྡན་གྱི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
དེ་ལས་ འབྲུག་པའི་ཁྲིམས་དང་ ཝིག་ཊོ་རི་ཡ་གཙུག་ལག་སློབ་སྡེ་གི་ ལེགས་སྦྱར་བ་ སུ་སཱན་བྲིའུ་གིས་ ཡོངས་གྲགས་དོན་ལུ་ བཙོན་ཤུགས་སྐྱེད་པའི་དུས་སྐབས་ནང་ རྒྱལ་ཁམས་ཀྱིས་ འགན་ཁུར་ག་ཅི་ར་ འབག་དགོཔ་ཨིན་ནའི་སྐོར་ལས་ གྲོས་བསྡུར་གྱི་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རིས་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭ་གི་ ལེགས་སྦྱར་བ་ ངག་དབང་ལྷུན་གྲུབ་དང་ ཀརྨ་ཆོས་སྒྲོན་གཉིས་ཀྱིས་ འགྲོ་བ་མིའི་དབང་ཆ་དང་ ནང་པའི་ཆོས་ལུགས་དང་འབྲེལ་བའི་ ཁྲིམས་ཀྱི་སྐོར་ལས་ གསལ་བཤད་འབད་ནི་ཨིན་པས།
རྒྱལ་སྤྱི་ནང་དཔལ་འབྱོར་ཤུགས་ཐལ་བའི་ དུས་ཚོད་ནང་ ཆོས་ལུགས་ཀྱི་ རང་དབང་ཟེར་མི་དེ་ ག་བཟུམ་ཅིག་ལུ་ གོ་ནི་ཨིན་ནའི་སྐོར་ལས་ བ་ཕེ་ལོ་གཙུག་ལག་སློབ་སྡེ་གི་ ལེགས་སྦྱར་བ་ རེ་བི་ཀ་ རེཌ་འུཌ་གིས་ གསལ་བཤད་འབད་ནི་ཨིནམ་ད་ བིག་ཊོ་རི་ཡ་གཙུག་ལག་སློབ་སྡེ་གི་ ལེགས་སྦྱར་བ་ བེན་ལའོ་རེནསི་གིས་ ཀེམ་བོ་ཌི་ཡ་ལུ་ ཆོས་ལུགས་ཀྱིས་ སྲིད་འབྲེལ་འབད་བའི་སྐོར་ལས་ གསལ་བཤད་འབད་ནི་ཨིན་པས།
ནངས་པར་ རྒྱལ་སྤྱི་དང་ འབྲུག་པའི་ཁམས་ཀྱི་ སྦྱང་བ་འབད་མི་ཚུའི་ གནད་དོན་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ དེ་གིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་ལུ་ ཕན་གནོད་ཚུ་ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ཡང་ གནད་དོན་ཚུ་ཡོདཔ་ཨིན་པས།
གནས་གཤིས་འགྱུར་བགྲོད་དང་ ཡུན་བརྟན་གོང་འཕེལ་ ཐའི་ལེནཌ་གི་ མི་མང་རང་བཞིན་གནས་སྟངས་ལུ་ དང་འདོད་ཡོད་མི་དང་ རང་བཞིན་གནས་སྟངས་ཀྱི་ དབང་ཆ་དང་འབྲེལ་བའི་ ཁྲིམས་ཀྱི་སྦྱང་བ་འབད་མི་ཚུ་གི་སྐོར་ལས་ཡང་ གནད་དོན་ཚུ་ ཞལ་འཛོམས་སྐབས་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *