ཟད་འགྲོ་དངུལ་ཀྲམ་༩༠༠,༠༠༠ བཏང་ཐོག་ལས་རྐྱབ་མི་བཙོང་ཁྱིམ།

ཚོད་བསྲེ་བཙོང་སའི་ ས་གོ་གསརཔ་གིས་ སྒོ་ཚོང་པ་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ།

༉ རྩི་རང་སྟོད་རྒེད་འོག་ སི་རུ་ཊར་ལས་ ཨིན་དར་མ་ཡ་་སུ་བྷ་གིས་ ད་རེས་ཁམས་ཚུན་ ཐིམ་ཕུག་དང་ རྩི་རང་གི་ གཞུང་ལམ་བདའ་སྟེ་ ས་གནས་རྐྱང་ལྕེ་དོ་བཱན་ལུ་ སྦ་སྒོར་ཅིག་ནང་ལས་ མོ་རའི་སོ་ནམ་ཐོན་སྐྱེད་ཚུ་ བཙོང་སྡོད་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ གསང་སྤྱོད་དང་སྦྲགས་ ཚོད་བསྲེ་བཙོང་སའི་ས་གོ་གསརཔ་ཅིག་ རྐྱབ་མི་དེ་ནང་ ཨིན་དར་མ་ཡཱ་སུ་བྷ་དང་ སྒོ་ཚོང་པ་གཞན་༤ སྤོ་བཤུད་འབད་དེ་ བདུན་ཕྲག་༡ ལང་ཡོདཔ་ཨིན་པས།

ཨིན་དར་མ་ཡ་་སུ་བྷ་གིས་ སླབ་མིའི་ནང་ ད་ལྟོའི་ ས་གོ་ནང་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ལས་ བྱ་སྟབས་བདེ་བའི་ཁར་ རྒྱུན་འགྲུལ་འཐབ་མི་ ལེ་ཤ་་ཡོད་མི་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་ འགྱོཝ་མས་ཟེར་ཨིནམ་ད་ མོ་གིས་ སོ་ནམ་ཐོན་སྐྱེད་ཚུ་ མོ་རའི་གཡུས་ཁ་ལས་ འབག་འོང་སྟེ་ བཙོངམ་ཨིན་པས།

སི་རུ་ཊར་ལུ་ཡང་ ཚོད་བསྲེ་བཙོང་ཁྱིམ་༢ རྐྱབ་ཡོདཔ་ད་ དེ་ནང་ སྒོ་ཚོང་པ་ཨམ་སྲུ་༡༥ དེ་ཅིག་ཡོདཔ་བཞིན་དུ་ ཁོང་གིས་ ཁྱིམ་ནང་བཟོ་མི་ སྦྱོར་རྫས་དང་ ཚོད་བསྲེ་ སྦྲང་རྩི་ དེ་ལས་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ བཙོངམ་ཨིན་པས། 

དར་དཀར་ནང་ལས་ སྒོ་ཚོང་པ་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གིས་ འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ལུ་ སོ་ནམ་ཐོན་སྐྱེད་ཚུ་ ལྕགས་ཤོག་བཀབ་སྟེ་བཟོ་མི་ སྦ་སྒོ་ནང་ལས་ བཙོང་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ མ་གཞི་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་ཕོག་ཡོད་རུང་ ད་རེས་ བཙོང་ཁྱིམ་གསརཔ་ནང་ སྤོ་བཤུད་འབད་ཡོདཔ་ལས་ ཚོང་འབྲེལ་ལེགས་ཤོམ་འགྱོ་ནི་དང་ འོང་འབབ་ཡང་ བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་ ས་གོ་དེ་ནང་བཀག་སྟེ་ ཐོན་སྐྱེད་ག་ཅི་ར་ བཙོང་ནི་ཡོདཔ་ཨིན་ན་ ལྟ་ཞིབ་འབདཝ་མས་ཟེར་ བསོ་ནམས་ཆོས་སྒྲོན་གྱིས་ བཤད་པའི་ཁར་ ད་ལས་ཕར་ ཉིམ་དང་ཆརཔ་ནང་ སྡོད་མ་དགོ་པའི་ ཁེ་ཕན་འདུག་ཟེར་ བཤདཔ་ཨིན་པས།

སི་རུ་ཊར་ཚོང་ལས་སྡེ་ཚན་གྱི་ཁྲི་འཛིན་ རིན་བཟོ་ཤེར་པ་གིས་ སླབ་མིའི་ནང་ ཚོང་འབྲེལ་དེ་ ཧེ་མ་སྦ་སྒོར་ཚུ་ནང་ འཐབ་མི་དང་ཕྱདཔ་ད་ ལེ་ཤ་གིས་ ས་གོ་གསརཔ་ནང་ དྲག་དོ་བཟུམ་ མཐོངམ་མས་ཟེར་ཨིན་པས།

ས་གནས་ཀྱི་ སོ་ནམ་པ་ཚུ་གིས་ རྒེད་འོག་བདག་སྐྱོང་ལུ་ ཚོང་བཙོང་སའི་ ས་གོ་གསརཔ་ཅིག་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་རུང་ དེ་ལུ་ ངོས་ལེན་མེད་པར་ ལུས་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་གོངམ་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ གཞུང་ལམ་བདའ་སྟེ་ཡོད་མི་ སྦ་སྒོར་ཚུ་ མཛེས་ཆ་དང་ལྡནམ་སྦེ་ མ་མཐོང་མི་ལུ་བརྟེན་ སོ་ནམ་སྡེ་ཚན་གྱིས་ དངུལ་ཀྲམ་༩༠༠,༠༠༠ ཟད་འགྲོ་བཏང་ཐོག་ལས་ ཚོད་བསྲེ་བཙོང་ཁྱིམ་རྐྱབ་ཅི་ཟེར་ཨིན་པས།

སྒོ་ཚོང་པ་ཚུ་ལུ་ ཚོང་བཙོངམ་ད་ དཀའ་ངལ་མི་འབྱུང་ནིའི་དོན་ལས་ ང་བཅས་ཀྱིས་ མ་དངུལ་འཚོལ་ཏེ་ བཙོང་ཁྱིམ་རྐྱབ་བྱིན་ཡི་ཟེར་ རྡོ་རྗེ་རྒྱལ་མཚན་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ པདྨ་ཆོས་སྐྱིད།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *