ཚད་གཞི་མ་ཚང་མི་ལུ་བརྟེན་ ཁྲོམ་སྡེའི་ཚོགས་པའི་གདམ་ངོ་༣ ཆ་མེད་བཏང་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ དགེ་ལེགས་ཕུག་ཁྲོམ་སྡེ་ཚོགས་པའི་དོན་ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུ་གི་ གདམ་ངོའི་ཡིག་ཆ་ཚུ་ ལྟ་ཞིབ་འབད་བའི་སྐབས་ གདམ་ངོ་གཉིས་ སྲིད་ནང་འབྲེལ་གཏོགས་དང་ ཁྲིམས་འགལ་ནང་འབྲེལ་གཏོགས་ཡོད་པའི་དྲན་ཐོ་ཡོདཔ་ལས་ ཚད་གཞི་ཚང་མ་ཚུགས་པས།

དེ་ཡང་ ངོས་ལེན་འགོ་དཔོན་གྱིས་ དགེ་ལེགས་ཕུག་ཁྲོམ་སྡེའི་ ཚོགས་པའི་དོན་ལུ་ མི་ངོམ་༡༣ ཐོ་བཀོད་འབད་ས་ལས་ ཕོ་སྐྱེས་ཅིག་དང་ ཨམ་སྲུ་ཅིག་ཆ་མེད་བཏང་ཡོདཔ་ཨིན་པས།

ཁྲོམ་སྡེའི་ཚོགས་པའི་དོན་ལུ་ བཅའ་མར་གཏོགས་མི་མཐོ་ཤོས་ར་ དགེ་ལེགས་ཕུག་ལུ་ཡོདཔ་ད་ མི་ངོས་༡༡ གི་བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

  ངོས་ལེན་འགོ་དཔོན་དངོས་གྲུབ་ཀྱིས་ སླབ་མིའི་ནང་ གདམ་ངོ་ཅིག་སྲིད་ནང་འབྲེལ་གཏོགས་ཀྱི་དྲན་ཐོ་དང་ ཁྲིམས་སྲུང་འགག་སྡེ་ལས་ ཡིག་ཆ་ཐོབ་མ་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ བཀྲ་ཤིས་གླིང་འདེམས་ཁོངས་ལས་ ཨིན་ཟེར་ཨིན་པས།

གདམ་ངོ་ཚུ་ཡང་ མཐོ་རིམ་ཤེས་ཚད་སྦྱངས་མི་དང་   གཙུག་ལག་འོག་མའི་ཤེས་ཚད་སྦྱང་མི་ཚུ་ཡོདཔ་ད་ ཚོང་ལཱ་འབད་མི་ཡང་ཡོདཔ་ལས་ ཚོགས་པ་དེ་ འདེམས་ཁོང་གྱི་ངོ་ཚབ་ཅིག་ཨིནམ་མ་ཚད་ འདེམས་ཁོངས་ཀྱི་ བསམ་འཆར་ལེན་མི་ཅིག་ཡང་ཨིན་ཟེར་ དངོས་གྲུབ་ཀྱིས་ བཤདཔ་ཨིན་པས།

ཁྲོམ་སྡེའི་ཚོགས་པའི་བཙག་འཐུའི་དོན་ལུ་ གདམ་ངོམ་༢༧ ཡོདཔ་ད་ དེའི་གྲས་ལས་ ཨམ་སྲུ་༨ ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེའི་ཚོགས་པའི་དོན་ལུ་ མུ་ཏིག་ཐང་འདེམས་ཁོངས་ལས་ ཨམ་སྲུ་ཅིག་ལུ་ ཁྱད་ཚད་མ་ཚངམ་ལས་ ཆ་མེད་བཏང་ཡོདཔ་ད་ མོ་ཡང་ སྲིད་ཚོགས་ནང་འབྲེལ་གཏོགས་ཡོདཔ་ད་ ཐིམ་ཕུག་ཁྲོམ་སྡེ་ལུ་འབད་བ་ཅིན་ ཚོགས་པའི་དོན་ལུ་ བཅའ་མར་གཏོགས་མི་༨ ཡོདཔ་ཨིན་པས།

གདམ་ངོ་ཚུ་ཡང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ དེ་ལས་ ཧེ་མ་ལས་བཅའ་མར་གཏོགས་མི་ ཚོགས་པ་ཚུ་གིས་ ལོག་སྟེ་བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་འབད་བ་ཅིན་ གདམ་ངོ་༨ ཡོདཔ་ད་ དེའི་གྲས་ལས་༣ ཨམ་སྲུ་ཨིནམ་ད་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ གདམ་ངོ་ག་ར་ཁྱད་ཚད་ཚང་ཡོདཔ་ཨིན་པས།

རིན་ཆེན་ལྡིང་དང་ པ་ཀེར་ཤིང་འདེམས་ཁོངས་ལས་ ཚོགས་པ་༢ ཀྱི་བཅའ་མར་གཏོགས་ནི་ཨིནམ་ད་ ཕུན་ཚོགས་གླིང་ལུ་འབད་རུང་ མཐོ་རིམ་ཤེས་ཚད་སྦྱང་མི་དང་ ཧེ་མ་ལས་ བཅའ་མར་གཏོགས་མི་ ཚོགས་པ་ཚུ་ཡོདཔ་ཨིན་པའི་ གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *