འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ཀྱི་ ཞབས་ཏོག་སྤྱོད་མི་ཚུ།

མོང་སྒར་ལུ་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ཀྱི་ ཞབས་ཏོག་སྤྱོད་མི་༡,༤༡༤ ཐོན་ཡོདཔ།

༉ མོང་སྒར་ལུ་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་ ཅན་གྱི་ ཚོགས་རྒྱན་བཙུགས་མི་༢,༥༡༤ ཡོད་མི་ལས་ ཉིནམ་དང་པ་དང་ ཁ་ཙ་ཉིནམ་༢ པའི་ནང་ བསྡོམས་མི་གྲངས་༡,༤༡༤ གིས་ ཚོགས་རྒྱན་བཙུགས་པར་འོང་ནུག།

རྫོང་ཁག་དེ་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་༣ གཞི་བཙུགས་འབད་ཡོདཔ་བཞིན་དུ་ མོང་སྒར་ ཁྲོམ་གྱི་དོན་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༢༥༢ ལས་ ཁ་ཙ་ཚུན་ མི་༧༤༥ གིས་ འགྲེམ་ ཐོག་ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ད་ དེ་ཚུ་གི་གྲས་ལས་ཕོ་སྐྱེས་༣༥༦ དང་ཨམ་སྲུ་༣༨༩ ཨིན་པས།

དེ་དང་འདྲཝ་སྦེ་ ཡ་ལྡི་གི་ ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་འབད་མི་བསྡོམས་༣༢༥ ཡོད་མི་ལས་ མི་གྲངས་༡༡༦ ཚོགས་རྒྱན་བཙུགས་ཡོདཔ་ད་ དེ་ཡང་ ཕོ་སྐྱེས་༦༨ དང་ ཨམ་སྲུ་༤༨ ཚུ་ཨིན་པས།

དེ་བཟུམ་སྦེ་ རྒྱལ་པོའི་ཞིང་ཁྲོམ་ལུ་ཡོད་པའི་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ཀྱི་དོན་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༩༣༧ ལས་ ཨམ་སྲུ་༤༢༧ དང་ ཕོ་སྐྱེས་༥༡༠ ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ ཉིནམ་དང་པའི་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༢༡༤ ལས་ཕོ་སྐྱེས་༡༠༨ དང་ ཨམ་སྲུ་༡༠༦ འོང་ ཡོདཔ་བཞིན་དུ་ ཁ་ཙ་ཉིན་མར་ མི་གྲངས་༣༣༩ གིས་ ཚོགས་རྒྱན་བཙུགས་མི་ལས་ ཕོ་སྐྱེས་༡༩༤ དང་ ཨམ་སྲུ་༡༤༥ གྱིས་ ཚོགས་རྒྱན་བཙུགས་ནུག།

མོང་སྒར་ཁྲོམ་ནང་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་བཙུགས་མི་༡,༢༥༢ ཡོད་མི་ལས་ ཉིནམ་༢ ཀྱི་རིང་ ཚོགས་རྒྱན་བཙུགས་པའི་སྐབས་ མི་གྲངས་༧༤༥ གིས་ བཙུགས་ཡོདཔ་ལས་ ད་རིས་ ཉིནམ་མཇུག་ལུ་ མི་གྲངས་༥༠༧ གྱིས་ཚོགས་བཙུགས་པར་ འོང་ནི་ཨིན་པས།

རྒྱལ་པོའི་ཞིང་ཁྲོམ་གྱི་དོན་ལུ་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་མི་༩༣༧ ཡོད་ས་ལས་ ཉིནམ་༢ པ་ཚུན་ མི་གྲངས་༥༥༣ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ལས་ ད་རིས་ མི་༣༨༤ ཚོགས་རྒྱན་བཙུགས་པར་འོང་ནི་ཨིནམ་བཞིན་དུ་ ཡ་ལྡི་ལུ་ཡོད་པའི་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༣༢༥ ཡོད་ས་ལས་ ད་ཚུན་ མི་༡༡༦ གིས་ ཚོགས་ རྒྱན་བཙུགས་ཡོདཔ་ད་ ད་རིས་ མི་༢༠༩ འོང་དགོཔ་ཨིན་པས།

ལྷག་པར་དུ་ གཡག་སྒང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུཚ་དང་བུམོ་བསྡོམས་༣༠ དེ་གིས་ ཚོགས་རྒྱན་ བཙུགས་ཡོདཔ་ཨིན་པས།

ཚོགས་རྒྱན་ས་ཁོངས་ཚུ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ སྒོ་ཕྱེས་བཞག་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ བཙར་རེ་ནར་རེ་ འོང་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *