རང་སོའི་ས་ཁོངས་ནང་ དུས་ཚོད་དང་བསྟུན་ ཕྱི་ཁར་འཐོན་ཆོགཔ་སྦེ་བཟོ་ཡོད་རུང་ མི་རེ་གཉིས་ལས་བརྒལ་ མི་མཐོང་དོ་ཡོདཔ་ཨིན་མས།

མོང་སྒར་ལུ་ ནད་ཡམས་ཐོབ་མི་བཟའ་ཚང་༢ རྐྱང་གནས་ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ།

༉ བུམ་ཐང་ལུ་ ནད་ཡམས་ཐོབ་ཡོདཔ་སྦེ་བདའ་ཟུན་མི་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་དེ་དང་ སྐྱེས་ལོ་༣༦ ལང་མི་ གནས་ཚང་དང་གཅིག་ཁར་ སྐྱེས་ལོ་༦ ལང་མི་བུམོ་དང་ ཀྲོང་གསར་ལུ་ ནད་ཡམས་ཐོབ་མི་ སྐྱེས་ལོ་༢༣ ལང་མི་ཨམ་སྲུ་༡ དེ་ལས་ སྐྱེས་ལོ་༣ ལང་མི་ མོ་རའི་བུམོ་དེ་ མོང་སྒར་ལུ་ རྐྱང་གནས་ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ་ཨིན་པས།

མ་གཞི་ སྐྱེས་ལོ་༣ ལང་མི་ བུམོ་ཅུང་དེ་ལུ་ ནད་ཡམས་མེད་པའི་ རྟགས་ཚན་ཐོན་ཡོད་རུང་ བདག་འཛིན་འཐབ་མི་མེད་ནི་དེ་གིས་ ཨའི་དང་གཅིག་ཁར་ བཞག་ཡོདཔ་ཨིན་པས།

ནདཔ་ཚུ་ བུམ་ཐང་དང་ ཀྲོང་གསར་ལས་ སྤྱི་ཟླ་༡༢ པའི་ཚེས་༢༥ ལུ་ ནད་པའི་སྣུམ་འཁོར་༢ ནང་ འབག་འོང་པའི་ཤུལ་ལས་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ལུ་ རྐྱང་གནས་ཟུར་བཞག་ལྟེ་བའི་ནང་ ལྷོད་ནུག།

གསོ་བའི་ལས་བྱེདཔ་ཚུ་དང་འཁྲིལཝ་ད་ ཁ་ཙ་ཚུན་ ནདཔ་ཚུ་ལས་ ནད་རྟགས་ཚུ་ ག་ནི་ཡང་མ་འཐོན་པར་ གནས་སྟངས་ལེགས་ཤོམ་སྦེ་ཡོད་ཟེར་ ཨིན་པས།

དེ་ལས་ སྐྱེས་ལོ་༣༦ ལང་མི་ ནདཔ་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༧ སྤྱི་ཟླ་༡༢ པའི་ཚེས་༢༣ ལས་ མཐུན་རྐྱེན་ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ་ད་ ནད་ཡམས་བྱུང་ས་༢ པ་དང་འབྲེལ་བ་འཐབ་མི་༧༠ དེ་ཅིག་ སྤྱི་ཟླ་༡༢ པའི་ཚེས་༢༥ ལས་ རང་སོའི་ཁྱིམ་ནང་ ཟུར་བཞག་སྡོད་བཅུག་ཡོདཔ་ཨིན་པས།

མ་གཞི་ ཐད་ཀར་འབྲེལ་བ་འཐབ་མི་ཚུ་གི་ པི་སི་ཨར་བརྟག་དཔྱད་ནང་ ནད་ཡམས་མེདཔ་སྦེ་ ཐོན་ཡོད་རུང་ བརྟག་དཔྱད་ཐེངས་༢ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༣༠ ལུ་ འབད་ནི་ཨིན་པས།

ཐད་ཀར་དུ་འབྲེལ་བ་འཐབ་མི་ཚུ་ ཉིན་གྲངས་༢༡ གི་རིང་ བཞག་ནི་ཨིན་རུང་ ནད་ཡམས་བྱུང་ས་༢ པ་དང་ འབྲེལ་བ་འཐབ་མི་ཚུ་ ཟུར་བཞག་ནང་ལས་གཏང་ནི་དེ་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཚུའི་ བརྟག་དཔྱད་ཐེངས་༢ པའི་གྲུབ་འབྲས་ལུ་ རག་ལས་ནི་ཨིན་པས།

ལྷུན་རྩེ་ལུ་འབད་བ་ཅིན་ ཀུར་སྟོད་རྒེད་འོག་ནང་ཡོད་མི་ གནས་རིན་ཆེན་བུམ་པ་ མཇལ་བར་འོང་མི་ གནས་སྐོརཔ་སྡེ་ཚན་༤ དང་ རྣམ་གྲོལ་གྲྭ་ཚང་གི་ དགེ་སློང་ཚུ་བརྩིས་ཏེ་ ནད་ཡམས་ཁྱབ་སྤེལ་ཡོད་པའི་ ས་ཁོངས་ཚུ་ནང་ལས་འོང་མི་ མི་༧༡༢ ཨེན་ཊི་ཇན་དང་༢༧༩ པི་སི་ཨར་བརྟག་དཔྱད་འབད་ཡོདཔ་ད་ རྫོང་ཁག་གསོ་བའི་ ལས་བྱེདཔ་ཚུ་དང་འཁྲིལཝ་ད་ བརྟག་དཔྱད་ཚུ་ ཧ་ལམ་ མཇུག་བསྡུ་ཡི་ཟེར་ཨིན་པས།

མ་གཞི་ འགོ་ཐོག་ལུ་ མི་༤ ཨེན་ཊི་ཇན་བརྟག་དཔྱད་འབདཝ་ད་ ནད་འབུབ་ཡོདཔ་སྦེ་ ཐོན་ཡོད་རུང་ པི་སི་ཨར་བརྟག་དཔྱད་ནང་ མེདཔ་སྦེ་ཐོན་ནུག།

བརྟག་དཔྱད་ཐེངས་༢ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༨ དང་༣༡ གི་བར་ན་ སྡེ་ཚན་ཁག་དབྱེ་སྟེ་ ལོག་རྐྱབ་ནི་ཨིན་པས།

དེ་ལས་ མོང་སྒར་ལུ་ འགྲོ་འགྲུལ་བཀག་དམ་འབད་བའི་ཤུལ་ལས་ ས་ཁོངས་ཀྱི་ ལམ་ལུགས་དང་འཁྲིལ་ ཕྱི་ཁར་འཐོན་ནི་དེ་ ཁ་ཙ་ ཉིན་མ་ཁམས་ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ད་ རང་སོའི་ས་ཁོངས་ནང་ ཕྱི་ཁར་འཐོན་ནིའི་དུས་ཚོད་དེ་ཡང་ འདས་པའི་འགྲོ་འགྲུལ་བཀག་དམ་ལས་རིམ་བཟུམ་སྦེ་ དུས་ཡུན་ཆུ་ཚོད་༢ རེ་ བཞག་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *