ཐང་རོང་རྒེད་འོག་ནང་ ཁྱིམ་ཐོག་འཕྱགས་བདའ་མིའི་མཐོང་སྣང་།

མོང་སྒར་རྫོང་ཁག་ནང་ རླུང་འཚུབས་ཀྱིས་ ཁྱིམ་ཚུ་ལུ་གནོད་སྐྱོན།

༉ སྤྱི་ཟླ་༤ པའི་ཚེས་༤ ལུ་ ཉི་མའི་ཆུ་ཚོད་ཕྱེད་དང་༣ ལས་ཕྱེད་དང་༥ གི་བར་ན་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ རླུང་འཚུབས་ཤུགས་སྦེ་ འཕུ་མི་ལུ་བརྟེན་ མོང་སྒར་རྫོང་ཁག་ནང་ ཁྱིམ་གུང་པ་༡༡ གི་ ཁྱིམ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།

དེ་ཡང་ བ་ལམ་དང་ དགྲ་མེད་རྩེ་ ཐང་རོང་རྒེད་འོག་༣ ནང་ ཁྱིམ་ཐོག་རེ་རེ་དང་ ཤེལ་རི་མུ་ཧཱུྃ་དང་ སྐྱེངས་མཁར་རྒེད་འོག་༢ ནང་ ཁྱིམ་༢ རེ་ དེ་ལས་ སྔ་ཚང་རྒེད་འོག་ནང་ ཁྱིམ་༣ གྱི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།

སྡོད་ཁྱིམ་ཚུ་གི་གྲས་ལས་ ཁྱིམ་༦ གི་ ཁྱིམ་ཐོག་ཚུ་ཤུགས་སྦེ་ར་ གནོད་སྐྱོན་རྐྱབ་ཡོདཔ་ད་ ཁྱིམ་༥ གི་ ཁྱིམ་ཐོག་ཆ་ཤས་ འཕྱགས་བདའ་ནུག་ཟེར་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

ད་ཚུན་ བྱུང་རྐྱེན་ལུ་བརྟེན་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་པའི་སྙན་ཞུ་མེད་རུང་ རྒེད་འོག་འགོ་དཔོན་ཚུ་དང་ཁས་བླངས་པ་ཚུ་གིས་ གནོད་པ་བྱུང་སའི་ ས་ཁོངས་ཚུ་ནང་ ལྟ་སྐོར་འབད་དེ་ ཞིབ་དཔྱད་འབད་བའི་ཤུལ་ལས་ དགོས་མཁོ་ཅན་གྱི་ རྒྱབ་སྐྱོར་ཚུ་ བྱིན་ཡི་ཟེར་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *