རབ་སྡེའི་བླམ་གནས་བརྟན་དང་ དགེ་སློང་ཚུ་གིས་ ལོ་བསྟར་གྱི་ སྨོན་ལམ་ཆེན་མོ་གནང་པའི་བསྒང་།

མོང་སྒར་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་ཡོདཔ།

༉ མོང་སྒར་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་དེ་ ཁ་ཙ་ལས་ རབ་སྡེའི་བླམ་གནས་བརྟན་ ངག་དབང་བསྟན་འཛིན་གྱིས་ དབུ་བཞུགས་ཐོག་ལས་ རབ་སྡེའི་དགེ་སློང་ཞལ་གྲངས་༡༢༥ དེ་ཅིག་གིས་ འགོ་བཙུགས་གནང་ཡི།

སྨོན་ལམ་ཆེན་མོའི་ནང་ རྫོང་ཁག་གི་འགོ་དཔོན་ཚུ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

ཨ་རྟག་འབད་བ་ཅིན་ སྨོན་ལམ་ཆེན་མོའི་སྐབས་ རབ་སྡེ་གྲྭ་ཚང་གིས་གཙོས་པའི་ ཡན་ལག་གྲྭ་ཚང་དང་ བཤད་གྲྭ་ དེ་ལས་ ས་གནས་ཁག་གི་ སྒོམ་སྡེ་གྲྭ་ཚང་ཚུ་ལས་བརྩིསཝ་ད་ ཞལ་གྲངས་༧༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཏེ་ བདུན་ཕྲག་༡ གི་རིང་ གནང་སྲོལ་ཡོད་རུང་ དུས་ཅི་ ནད་ཡམས་ཀོ་བིཌ༌-༡༩ ལུ་བརྟེན་ རབ་སྡེ་རྐྱངམ་གཅིག་གིས་ ཉིནམ་༣ གྱི་རིང་ གནང་ནི་ཨིན་པས།

ད་རེས་ ཨ་རྟག་དང་མ་འདྲཝ་སྦེ་ རྫོང་གི་ཀུན་ར་མཐའ་འཁོར་ཏེ་ དཀར་མེ་སྟོང་དང་ མཆོད་པ་སྟོང་ ཞལ་ཟས་སྟོང་ཕུལ་ཐོག་ལས་ སྨོན་ལམ་ཆེན་མོ་གནང་པའི་སྐབས་ དྲོ་པ་ གནས་བརྟན་བཅུ་དྲུག་གི་ གསུང་ཆོག་དང་ བཟང་སྤྱོད་སྨོན་ལམ་ དེ་ལས་ ཕྱི་རུ་ གུ་རུ་དྲག་དམར་གྱི་ གསུང་ཆོག་གནང་པའི་ཤུལ་ལས་ ཚོགས་འཁོར་བསྐོར་གནངམ་ཨིན་པས།

གྲྭ་ཚང་གི་ བླམ་ཅིག་གིས་ བཤད་མིའི་ནང་ སྨོན་ལམ་ཆེན་མོ་དེ་ སྤྱིར་འཛམ་གླིང་གི་ཞི་བདེ་དང་ ལྷག་པར་དུ་ རྒྱལ་ཁབ་ནང་ ནད་ཡམས་ཞི་ཐབས་ཀྱི་དོན་ལུ་ ཨིན་ཟེར་བའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *