མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ རྐྱང་གནས་ལྟེ་བ།

མོང་སྒར་རྐྱང་གནས་ཁང་ནང་ ཀོ་བིཌ་-༡༩ འི་ནདཔ་༥ ཡོདཔ།

༉ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ རྐྱང་གནས་ལྟེ་བའི་ནང་བཞག་མི་ བཀྲ་ཤིས་སྒང་དང་ བསམ་གྲུབ་ལྗོངས་མཁར་ལས་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མི་ ནདཔ་༣༨ ཆ་མཉམ་ ནད་ལས་དྲག་སྟེ་ ཁྱིམ་ནང་བཏང་ཡོད་རུང་ པདྨ་དགའ་ཚལ་ངང་ལམ་ལས་ འཕྲལ་ཁམས་ཅིག་ཁར་ ཀོ་བིཌ་-༡༩ ཐོབ་མི་ ནདཔ་༥ ལྷོད་དེ་ཡོདཔ་ཨིན་པས།

བཀྲ་ཤིས་སྒང་དང་ བསམ་གྲུབ་ལྗོངས་མཁར་ལས་ རྐྱང་གནས་ལྟེ་བའི་ནང་བསྐྱལ་མི་ ནདཔ་ཚུ་གི་གྲས་ལས་མཇུག་ར་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ བརྟག་དཔྱད་འབད་བའི་སྐབས་ ནད་འབུབ་མེདཔ་སྦེ་ ཐོན་མི་དང་འཁྲིལ་ དེ་གི་ནངས་པར་ ཁྱིམ་ནང་བཏང་ནུག།

ཨིན་རུང་ ཉིནམ་དེ་ནང་ར་ ངང་ལམ་གདུང་བསམ་རྩི་ས་ལས་འཛིན་ནང་ དོས་ཕབ་བཀལ་འབད་མི་༡ དང་ སྲུང་རྒྱབ་༡ ལུ་ ནད་ཡམས་ཀོ་བིཌ༌-༡༩ ཐོབ་ཡོད་པའི་ ངོས་བཟུང་བའི་ཤུལ་ལས་ ད་རུང་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ ཁོང་གཉིས་དང་འབྲེལ་བ་འཐབ་མི་ གཞན་༣ ལུ་ཡང་ ནད་འབུབ་ཐོབ་ཡོད་པའི་ ནད་རྟགས་ཐོནམ་ལས་ མོང་སྒར་རྐྱང་གནས་ལྟེ་བའི་ནང་ བསྐྱལ་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ རྐྱང་གནས་ལྟེ་བའི་ནང་ཡོད་མི་ ཀོ་བིཌ་-༡༩ འི་ནདཔ་ཚུ་ གནས་སྟངས་ལེགས་ལྡན་ཐོག་ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *