བཅའ་མར་གཏོགས་མི་ཚུ་གིས་ ལུས་རྩལ་དང་ བང་རྒྱུག་ལས་རིམ་ཁག་༡༣ ནང་ དོ་འགྲན་འབད་ནི་ཨིན་པས།

མོང་སྒར་གྱིས་ ལུས་རྩལ་ནང་ལས་ རྒྱལ་ཁ་འཐོབ་ཚུགས་པའི་རེ་བ་བསྐྱེད་དོ་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༤ ལས་ ཐིམ་ཕུག་ལུ་ སློབ་གྲྭའི་རྒྱལ་ཡོངས་ལུས་རྩལ་ཐེངས་༡༦ པ་ འགོ་བཙུགས་མིའི་ནང་ མོང་སྒར་ལས་ སྐྱེས་ལོ་༡༦ ལང་མི་ རིག་འཛིན་ཆོས་སྒྲོན་དང་ མོ་གི་རྒྱུན་མཐུད་བང་རྒྱུག་སྡེ་ཚན་གྱིས་ རྒྱུན་མཐུད་བང་རྒྱུག་ནང་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
མོང་སྒར་འབྲིང་རིམ་སློབ་གྲྭ་བར་མ་གིས་ རྫོང་ཁག་གི་ སློབ་གྲྭའི་ལུས་རྩལ་སྐབས་ སློབ་གྲྭ་༧ གྱི་གྲས་ལས་ རྒྱལ་ཁ་ཐོབ་མི་ལུ་བརྟེན་ སློབ་གྲྭ་དེ་ འགོ་དང་པ་ རྒྱལ་ཡོངས་ལུས་རྩལ་གྱི་དོན་ལུ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
རིག་འཛིན་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ལུས་རྩལ་ནང་ལས་ དྲག་ཤོས་༥ གདམ་འཐུ་འབད་ནི་ཨིན་མི་ལུ་བརྟེན་ ཁོང་གིས་ རྩ་འགེངས་དོ་འགྲན་འབད་ནི་ཨིནམ་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དུས་ཅི་གི་ རྒྱལ་ཡོངས་ལུས་རྩལ་ལས་རིམ་ནང་ སློབ་གྲྭ་༡༡༢ དེ་ཅིག་ལས་ སློབ་ཕྲུག་༣༣༩ དེ་ཅིག་གིས་ བཅའ་མར་གཏོགས་མིའི་གྲས་ལས་ བུཚ་༡༧༠ དང་ བུམོ་༡༦༩ ཡོདཔ་བཞིན་དུ་ རྫོང་ཁག་༢༠ དང་ ཁྲོམ་སྡེ་༤ ལས་ བདག་འཛིན་འབད་མི་ སློབ་དཔོན་༣༠ ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ བང་རྒྱུག་དང་ རྩེད་འགྲན་གྱི་ ལས་རིམ་ཁག་༡༣ དེ་ཅིག་ནང་ དོ་འགྲན་འབད་ནི་ཨིན་པས།
སློབ་ཕྲུག་ཚུ་གིས་ ལུས་རྩལ་ནང་ བཅའ་མར་གཏོགས་མི་གིས་མ་ཚད་པར་ ཕྱི་རུ་ལམ་སྲོལ་དང་ ཤེས་རིག་ལ་སོགས་པ་དང་འབྲེལ་བའི་ ལས་རིམ་ཚུ་ནང་ཡང་ འབྲེལ་གཏོགས་འབད་ནི་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་ཡང་ ལོ་བསྟར་བཞིན་དུ་ རྫོང་ཁག་གི་ ལུས་རྩལ་ལས་རིམ་གྱི་ གྲུབ་འབྲས་ལུ་ གཞི་བཞག་ཐོག་ གདམ་འཐུ་འབད་དོ་ཡོདཔ་ཨིན་པས།
ན་གཞོན་དང་ རྩེད་རིགས་ལས་ཁུངས་ཀྱི་ རྩེད་སྟོན་དང་ རྩེད་རིགས་གཙོ་འཛིན་འགོ་དཔོན་འོགམ་ ཉི་མ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྫོང་ཁག་གནས་རིམ་གྱི་ ལས་རིམ་ཚུ་ལས་ ཁྱད་དུ་འཕགས་པའི་ སློབ་ཕྲུག་༡༦ དེ་ཅིག་ གདམ་འཐུ་འབདཝ་ཨིན་ཟེར་ཨིན་པས།
འདས་པའི་ལོ་ཚུ་བཟུམ་སྦེ་ དུས་ཅི་ཡང་ ཐིམ་ཕུག་ཁྲོམ་སྡེ་དང་ བསམ་རྩེ་ལས་ བཅའ་མར་གཏོགས་མི་ མཐོ་ཤོས་ཡོདཔ་བཞིན་དུ་ མགར་ས་ལས་ སློབ་ཕྲུག་བུམོ་༣ གྱིས་ བཅའ་མར་གཏོགས་དོ་ཡོདཔ་ད་ ལོ་བསྟར་ལུས་རྩལ་ལས་རིམ་དེ་ ཕྱིའི་གཟུགས་ཁམས་སྒྲིང་སྒྲི་དང་ ན་གཞོན་དང་ ཨ་ལོ་ཚུ་གི་ ཁེ་ཕན་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་པས།
ལས་རིམ་དེ་གིས་ རིག་རྩལ་དང་ལྕོགས་གྲུབ་ སློབ་སྟོན་དང་ ལྷབ་སྦྱང་གི་ ལམ་ལུགས་ལ་སོགས་པ་ཚུ་ ཡར་དྲག་དང་ གོང་འཕེལ་གཏང་ནི་ གནམ་བྱཱར་གྱི་ ངལ་གསོའི་སྐབས་ སློབ་ཕྲུག་ཚུ་གིས་ ལས་རིམ་མ་འདྲཝ་ཚུ་ནང་ བཅའ་མར་གཏོགས་བཅུག་སྟེ་ དོན་སྨིན་ཅན་སྦེ་ བཟོ་ནི་ལུ་ རེ་བ་བསྐྱེདཔ་ཨིན་པས།
ལས་རིམ་དེ་ འབྲུག་ལུས་རྩལ་ཚོགས་པ་གིས་ རྒྱབ་སྐྱོར་ཐོག་ ན་གཞོན་དང་ རྩེད་རིགས་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ཉིནམ་༥ འབད་མི་དེ་ སྤྱི་ཟླ་༧ པའི་ཚེས་༨ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *