མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ཀེ་ཧང་འཕྱོགས་བཟུང་འབད་ཡོདཔ།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༢ པའི་ཚེས་༡༨ ལུ་ ཕོ་སྐྱེས་༡ ལས་ ག་རམ་༣༢༠ ཐོན་མི་ སྨྱོ་རྫས་ཀེ་ཧང་དུམ་༥༧ འཕྱོགས་བཟུང་འབད་ཡོདཔ་ཨིན་པས།

སྨྱོ་རྫས་སྐྱེལ་ལེན་འབད་མི་ སྣུམ་འཁོར་བོ་ལེ་རོ་དེ་ དེ་ཚེ་ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ལུ་ གསང་བའི་སྙན་ཞུ་ཐོག་ལས་ མོང་སྒར་སྐྱིད་བདེ་མཁར་ལུ་ བཀག་འཛིན་འབད་ཡོདཔ་ད་ སྨྱོ་རྫས་དུམ་ལ་ལོ་ཅིག་ སྐྱེས་ལོ་༣༦ ལང་མི་ དོགས་ཅན་དེད་གཡོགཔ་གི་ ཧེམ་ཅུང་ནང་ལས་དང་ ལ་ལོ་ཅིག་ སྣུམ་འཁོར་ནང་ལས་ཐོབ་ནུག།

མོང་སྒར་བ་ལམ་རྒེད་འོག་ནང་ལས་ཨིན་མི་ དོགས་ཅན་ཕོ་སྐྱེས་དེ་ བ་ལམ་ལམ་ལས་ ཀྲོང་གསར་ལུ་ ཁག་འབག་ལཱ་གི་ས་ཁོངས་ཅིག་ནང་ གཡུས་ཁའི་མི་༢ སྐྱེལ་བར་འགྱོ་བའི་བསྒང་ཨིན་པས།

གཡུས་མི་༢ ཀྱིས་ དོགས་ཅན་གྱི་ སྣུམ་འཁོར་མཁོ་མངགས་འབད་དེ་ བདའ་འགྱོ་བའི་ལམ་ཁར་ཨིནམ་ད་ ཁོང་༢ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་ཤུལ་ལས་ བཏང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ འཛིན་བཟུང་འབད་བའི་སྐབས་ དོགས་ཅན་དེ་གིས་ སྨྱོ་རྫས་སྤྱོད་ནུག་ཟེར་ཨིན་པས།

དོགས་ཅན་ཕོ་སྐྱེས་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་བཞིན་དུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།འཕྱོགས་བཟུང་འབད་མི་ སྨྱོ་རྫས་ཀེ་ཧང་དུམ་ཚུ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *