མེ་རྐྱེན་གྱིས་ རང་ལུགས་ཀྱི་ཁྱིམ་༣ འཚིགས་བཏང་ཡོདཔ།

༉ གཞལམ་སྒང་ ཡེ་སྦིས་ལབ་རྩ་ལུ་ ཁ་ཙ་དྲོ་པ་ མེ་རྐྱེན་གྱིས་ ཁྱིམ་༣ རྩ་བ་ལས་ར་ འཚིགས་བཏང་ཡོདཔ་ལས་ བཟའ་ཚང་༧ ལུ་སྡོད་གནས་མེདཔ་ བཟོ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ཁ་ཙ་དྲོ་པའི་ ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ཁར་ བྱུང་ཡོདཔ་ད་ མེ་གིས་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༢ འབད་མི་༡ དང་ རྩི་ས་དང་རྡོ་གིས་བཟོ་སྐྲུན་འབད་མི་ ཁྱིམ་ཐོག་༡ དེ་ལས་ ཁྱིམ་ཐོག་༢ འབད་མི་དེ་གི་རྒྱབ་ཁར་ གནས་སྐབས་ཀྱི་ སྡོད་གནས་བཟོ་ཡོད་མི་འབདཝ་ད་ ཁྱིམ་༣ འཚིགས་ཡོདཔ་ཨིན་པས།
ཐོག་ཚད་༢ འབད་མི་ ཁྱིམ་གྱི་འོག་ཐོག་ལུ་ ཚོང་ཁང་ཡོད་མི་ནང་ལས་ ཚོང་ཆས་དུམ་གྲ་ཅིག་ ཐོབ་ཡོདཔ་མ་གཏོགས་ གཞན་ག་ཅི་ཡང་ ཐོབ་མ་ཚུགསཔ་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ མཐོང་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྱིམ་༣ ནང་སྡོད་མི་ བཟའ་ཚང་༥ ཡེ་སྦིས་ལབ་རྩ་སློབ་གྲྭའི་ སློབ་དཔོན་ཚུ་ཨིནམ་ད་ ཁོང་གི་ ཅ་ཆས་ཚུ་ ག་ནི་ཡང་ ཐོབ་མ་ཚུགསཔ་སྦེ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ཏེ་ བྱུང་ནུག་ཟེར་ཨིན་པས།
མ་གཞི་ མེ་བསད་སྣུམ་འཁོར་དེ་ ས་གནས་ནང་ ལྷོད་ཡོདཔ་ཨིན་རུང་ གཞལམ་སྒང་ལས་མར་ ཀི་ལོ་མི་ཊར་༣༥ འགྲོ་འགྲུལ་འབད་དགོ་ནི་དེ་གིས་ ས་གནས་ནང་ ལྷོད་ཚུགས་ཚུགས་ དུས་ཡུན་འགོར་ཡོདཔ་ཨིན་རུང་ གཞན་མི་ཁྱིམ་ཚུ་ འཚིགས་ནི་ལས་ ཉེན་སྐྱོབ་འབད་ཚུགས་ཅི་ཟེར་ཨིན་པས།
ས་གནས་ཀྱི་ ཁས་བླངས་པ་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ མེ་བསད་སྣུམ་འཁོར་མ་ལྷོད་པའི་ཧེ་མར་ ཁོང་གིས་ རྩ་འགེངས་ཏེ་ མེ་བསད་ཡོདཔ་ཨིན་པས།
མེ་རྐྱེན་དེ་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ བསད་ཚུགས་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *