བཟའ་ཚང་ཚུ་ ཁྱིམ་ནང་མེད་པའི་སྐབས་ མེ་རྐྱེན་གྱིས་ ཁྱིམ་ཐལ་བར་བརླགས་བཏང་པའི་མཐོང་སྣང་།

མེ་རྐྱེན་གྱིས་ བཟའ་ཚང་༦ ལུ་ སྡོད་གནས་མེདཔ་བཟོ་ཡོདཔ།

༉ བདུན་མཐའི་སྐབས་ བཀྲིས་སྒང་བསམ་ཁར་རྒེད་འོག་ སྦིས་མཁར་གཡུས་ཚན་ནང་ ཐོག་ཚད་༡ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་རྐྱེན་གྱིས་ ཐལ་བར་བརླགས་བཏང་པའི་ཤུལ་ལུ་ བཟའ་ཚང་འཐུས་མི་༦ ཁོང་རའི་ ཉེ་ཚན་དང་གཅིག་ཁར་ སྡོདཔ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༦ ལུ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ མེ་རྐྱེན་བྱུང་པའི་སྐབས་ བཟའ་ཚང་འཐུས་མི་གཞན་ཚུ་ ནོར་འཚོ་བར་སོང་ཡོདཔ་ད་ ཁྱིམ་གྱི་ཇོ་བདག་དང་ བཟའ་ཚང་གི་གཙོ་ཅན་ སྐྱེས་ལོ་༤༠ ལང་མི་ བསོད་ནམས་རྡོ་རྗེ་དེ་ ཚལ་མ་ནང་ ཤིང་འཐུབར་སོང་ཡོདཔ་ཨིན་པས།

བསོད་ནམས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་གྱིས་ དངུལ་ཀྲམ་འབུམ་༢ ལྷགཔ་ཅིག་གི་ རྒྱུ་དངོས་ག་ར་ འཚིགས་ཡོདཔ་མ་ཚད་ ཁྱིམ་ནང་དངུལ་རྐྱང་༢༠,༠༠༠ ལྷགཔ་ཅིག་ཡོད་མི་དེ་ཡང་ འཚིགས་སོ་ནུག་ཟེར་ཨིན་པས།

ཉམས་རྒུདཔ་དེ་གིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་དང་ ཁྱིམ་ཚང་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཏེ་ བཟའ་འཐུང་གི་ དཀའ་ངལ་ག་ན་ཡང་མེད་པའི་ཁར་ ད་ལྟོ་ ཁོང་བཟའ་ཚང་ཚུ་ ཁོ་རའི་ཕོ་རྒནམ་གི་ ཁྱིམ་ནང་སྡོད་དེ་ཡོད་ཟེར་ཨིན་པས།

ཁྱིམ་དེ་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་གཅིག་ཁར་ ཉེན་བཅོལ་འབད་དེ་ཡོད་རུང་ ཁྱིམ་གསརཔ་ལོག་རྐྱབ་ཚུགས་མི་ཚུགས་ཀྱི་ དོགས་པ་ཡོད་ཟེར་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པས།

མེ་རྐྱེན་དེ་ གློག་མེ་ ཡང་ཅིན་ མེ་ཐབ་ལས་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་མེད་རུང་ བརྟག་ཞིབ་འབད་བའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *