མེ་རྐྱེན་གྱིས་ སྦ་སྒོར་ཐལ་བར་བརླགས་བཏང་པའི་མཐོང་སྣང་།

མེ་རྐྱེན་གྱིས་ བཟའ་ཚང་༡ ལུ་ སྡོད་གནས་མེདཔ་བཟོ་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༡༣ ལུ་ བུམ་ཐང་རྫོང་ཁག་ རྒྱལ་མཁར་ལུ་ སྦ་སྒོར་ཅིག་ མེ་རྐྱེན་གྱིས་ ཐལ་བར་བརླགས་བཏང་ཡོདཔ་ལས་ ཉམས་རྒུདཔ་བཟའ་ཚང་ཅིག་གིས་ རྒྱུ་དངོས་ག་ཅི་ཡང་ ཐོབ་མ་ཚུགས་པས།

ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ མེ་རྐྱེན་བྱུངམ་ད་ བཟའ་ཟླ་ཨམ་སྲུ་དེ་ ཁྲོམ་ཁར་སོང་ཡོདཔ་ལས་ ཁྱིམ་ནང་ མོ་རའི་རྨགཔ་དང་ ཚ་བོ་༡ སྡོད་ཡོདཔ་ཨིན་རུང་ ཁོང་གི་ ཚེ་སྲོག་ལུ་ གནོད་ཉེན་ག་ནི་ཡང་ མ་བྱུང་ཟེར་ཨིན་པས།

གནས་ཚུལ་བྱུང་ཁུངས་དང་འཁྲིལཝ་ད་ ཁྱིམ་དེ་ གླར་སྤྱོད་འབད་བའི་ ས་ཆ་ནང་ རྐྱབ་ཡོདཔ་མ་ཚད་ ཉེན་བཅོལ་ཡང་ མ་འབད་བར་ཡོདཔ་ད་ ད་ལྟོ་ ཉམས་རྒུདཔ་བཟའ་ཚང་ཚུ་ ཁྱིམ་ཚང་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།

བཟའ་གྲོགས་དེ་ ཧེ་མ་ ས་གནས་དེ་ནང་ ཁྱིམ་ཅིག་ཁང་གླར་ལེན་ཏེ་ སྡོད་ཡོདཔ་ཨིན་རུང་ ལམ་རྒྱ་སྐྱེད་འབད་བའི་སྐབས་ ཁྱིམ་ནང་ལས་ ཐོན་འགྱོ་དགོཔ་སྦེ་ སླབ་ནི་དེ་གིས་ ཟླཝ་༧ དེ་ཅིག་ གུར་སྤུབས་ཏེ་ སྡོད་པའི་ཤུལ་ལས་ ཨམ་སྲུ་དེ་གིས་ ཚོད་བསྲེའི་ལཱ་འབད་དེ་ སྦ་སྒོར་རྐྱབ་ནུག་ཟེར་ཨིན་པས།

མེ་རྐྱེན་དེ་ གནད་དོན་ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ མ་ཤེས་པར་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

བུམ་ཐང་རྫོང་རབ་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་གནང་མི་ སེམས་གསོའི་འཐུས་ ཉམས་རྒུདཔ་ཚུ་ལུ་ སྤྲོད་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *