མི་མང་གིས་ བློ་གཏད་ཚུགསཔ་བཟོ་ནིའི་དོན་ལུ་ དྲང་ཁྲིམས་ལྷན་སྡེ་གིས་ འབད་བརྩོན་བསྐྱེད་དགོཔ་བྱུང་ཡོདཔ།

༉ གནམ་ལོ་མེ་མོ་བྱ་ལོ་ འགོ་བཙུགསཔ་ད་ དྲང་ཁྲིམས་ལྷན་སྡེ་ནང་ གཙུག་སྡེ་གིས་ སྤྱི་ཟླ་༣ པའི་ནང་ལས་ ལྷན་སྡེ་ནང་འགན་ཁྲི་བཀལ་ནིའི་སྒྲིག་གཞི་ ཆ་འཇོག་འབད་ནིའི་ ཁས་བླངས་ཐོག་ལས་ འགོ་བཙུགས་ཡི།
དེ་ཡང་ དྲང་ཁྲིམས་ཀྱི་འགན་ཁྲི་དང་ འགན་ཁུར་སྒྲིག་གཞི་ཟེར་མི་དེ་ ལྷན་སྡེ་ནང་ལཱ་འབད་མི་ཚུ་ལུ་ ཉོགས་བཤད་དང་ ཞིབ་དཔྱད་འབད་ནི་ དེ་ལས་ ཚུལ་མཐུན་གྱི་ཉེས་བྱ་ཚུ་བཀལ་ནིའི་དོན་ལུ་ ལམ་ལུགས་གསརཔ་ཅིག་སྦེ་ འགོ་བཙུགས་ནུག།
སྤྱི་ཚོགས་ཀྱིས་ རྒྱབ་མི་མཐུན་ཚོགས་ཀྱི་བཅའ་ཁྲིམས་ཆ་འཇོག་འབད་དེ་ ལོ་གཅིག་ལངམ་ད་ དྲང་ཁྲིམས་ལྷན་སྡེ་གིས་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ རྒྱབ་མི་མཐུན་ཚོགས་གཞི་བཙུགས་འབད་ཡོདཔ་ད་ མཐུན་ཚོགས་དེ་ནང་ སྤྱི་ལོ་༢༠༡༦ ལོའི་ འཕྲི་སྣོན་འབད་མི་ བཅའ་ཁྲིམས་ཀྱི་ དོན་ཚན་༣ དང་འཁྲིལ་ རང་དབང་གི་འཐུས་མི་བརྩིས་ཏེ་ འཐུས་མི་བདུན་ཡོདཔ་ཨིན་པས།
རྒྱབ་མི་མཐུན་ཚོགས་ཀྱིས་ སྒེར་གྱི་ཐོག་ལས་ཁྲིམས་བཤེར་གྱི་ལཱ་འབད་མི་ཚུ་གིས་ ཚུན་མིན་ཐོག་ལས་ རྩོད་བཤེར་འབད་མི་ཚུ་གིས་ དྲང་བདེན་དང་འཇོན་ཐངས་ཅན་ དེ་ལས་ འགན་ཁྲིའི་ཐོག་ལས་ ལཱ་འབད་ནིའི་སེམས་ཤུགས་བྱིན་ཐབས་ལུ་ཨིན་པའི་ཁར་ སྒེར་གྱི་ཐོག་ལས་ ཁྲིམས་བཤེར་གྱི་ལཱ་འབད་མི་ཚུ་ལུ་ ལྟ་རྟོག་འབད་ནི་དང་ ཁྲིམས་ཀྱི་ཤེས་ཡོན་ཡར་དྲག་གཏང་ནིའི་ དམིགས་ཏེ་ཨིན་པས།
དེ་མ་ཚད་ མཐུན་ཚོགས་ཀྱིས་ དབུལ་ཕོངས་ཀྱི་དཀའ་ངལ་ཡོད་མི་ཚུ་ལུ་ ཁྲིམས་ཀྱི་ཞབས་ཏོག་བྱིན་ནི་དང་ སྒེར་གྱི་ཐོག་ལས་ ལཱ་འབད་མི་ཚུ་གི་ འགན་ཁུར་བཞག་ཐབས་ལུ་ཡང་ཨིན་པས།
སྤྱི་ལོ་༢༠༡༧ ལོ་བར་ཁམས་ཅིག་ལས་ དྲང་ཁྲིམས་ལྷན་སྡེ་གིས་ ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་སྡེ་གིས་ དོགས་ཅན་ཅིག་གི་པར་བཙུགས་ཐོག་ལས་ ངོ་ཚར་བཅུག་མིའི་སྐོར་ལས་ཡང་ དོགས་སེལ་ཚུ་འབད་དགོཔ་ཐོན་ཡི།
དྲང་དཔོན་ལ་ལོ་ཅིག་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ཕྱད་པའི་སྐབས་ བརྡ་བརྒྱུད་དང་ཞིབ་དཔྱད་འབད་མི་ལས་སྡེ་ག་གིས་འབད་རུང་ གསར་ཤོག་ཚུ་ནང་ལས་ཕར་ པར་བཙུགས་ཏེ་ ངོ་ཚབ་བཅུག་ནི་དེ་ ཁྲིམས་དང་འཁྲིལ་འབད་དགོ་མི་ཚུ་འབད་དེ་ ཐབས་ལམ་མཇུག་སྦེ་ བཞག་དགོ་ཟེར་བཤད་ཅི།
དེ་བསྒང་ དྲང་དཔོན་ཚུ་གིས་ ཁྲིམས་སྲུང་འགག་སྡེ་གིས་ དོགས་ཅན་ཚུ་ མི་མང་ལུ་ གལ་ཆེ་བའི་མི་ཅིག་ཨིན་མི་དང་ རྒྱལ་ཁབ་ལས་བྲོས་ཟུར་འབད་འགྱོ་མི་ ཡང་ན་ འཛིན་བཟུང་འབད་ནི་ལས་ བྲོས་ཟུར་འབད་སྡོད་མི་ཚུ་ཨིན་པ་ཅིན་རྐྱངམ་གཅིག་ པར་པར་སྐྲུན་འབད་དེ་ བཀྲམ་དགོ་པའི་སྐོར་ལས་ ཁ་གསལ་བཤད་ཡོད་རུང་ ཁྲིམས་སྲུང་འགག་སྡེ་གིས་ དོགས་ཅན་ཚུའི་པར་ཚུ་ ཁོང་རའི་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ བཙུགས་ཏེ་ར་བཞག་དོ་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ཟླ་༧ པའི་ནང་ཡང་ ད་རུང་ཚར་གཅིག་ དྲང་ཁྲིམས་ལྷན་སྡེའི་སྐོར་ལས་ གནས་ཚུལ་ཐོན་མི་དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱིས་ བཀག་འཛིན་ཅན་གྱི་ སྨྱོ་རྫས་སྦེ་བཞག་ཡོད་མི་ ཨིསི་པསི་མོ་ པོ་རོགསི་བཱོན་ པ་ལསི་ལས་བརྟེན་ འཛིན་བཟུང་འབད་དེ་ དོ་དམ་ནང་བཙུགས་མི་ཚུ་གིས་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
དེ་དང་འཁྲིལ་ སྨྱོ་རྫས་དེ་ལུ་བརྟེན་ སྤྱི་ལོ་༢༠༡༥ སྤྱི་ཟླ་༩ པ་ལས་ སྤྱི་ལོ་༢༠༡༧ ལོའི་ སྤྱི་ཟླ་༦ པའི་བར་ན་ འཛིན་བཟུང་འབད་དེ་ དོ་དམ་ནང་བཙུགས་མི་༥༥༤ གིས་ ཁྲིམས་འཐུས་བཏབ་ནིའི་ གོ་སྐབས་བྱིན་ཡོདཔ་ཨིན།
འཁྲུན་ཆོད་དེ་གི་ཤུལ་ལས་ བཙོན་ཁྲིམས་བཀལ་ཡོད་མི་གི་ ནང་མི་བཟའ་ཚང་ཚུ་གིས་ ཁོང་གི་མི་ཚུ་ འཛོལ་བའི་ཐོག་ལས་ ཁྲིམས་བཀལ་ཡོད་པའི་སྐོར་ལས་ སྙན་ཞུ་འབད་མི་ ཐོན་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་བྱིན་པའི་སྐོར་ལས་ རྩོད་གཞི་བཙུགས་མི་དེ་ ཚོགས་པ་ལུ་ དབང་ཆ་མིན་འདུག་ཟེར་ ཕྱིར་བཏོན་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *