མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གི་ དཔེ་དེབ་གསར་བཏོན།

༉ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་ དགུང་ལོ་༨༧ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་གི་དོན་ལུ་ རྒྱལ་བརྒྱུད་རྒྱལ་ཁབ་བྱིན་ཅན་གྱི་ སྲོག་ཤིང་ཟེར་བའི་ བརྗོད་དོན་ཐོག་ལས་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འབྲུག་པའི་མི་སེར་དང་ རྒྱལ་ཁབ་ལུ་ སྐུ་ཚེའི་རིང་ ཕྱག་ཞུ་བའི་སྐོར་ དཔེ་དེབ་ཅིག་ ཁ་ཙ་ གསར་བཏོན་གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་ སྤྱི་ལོ་༡༩༣༠ཟླ་༥ པའི་ཚེས་༢༡ ལུ་ སྐུ་འཁྲུངས་ཡོདཔ་ཨིན་པས།
ད་ལས་ཕར་ ཐིམ་ཕུག་དང་ སྤ་རོ་ལུ་ དཔེ་དེབ་ཚོང་ཁང་ཚུ་ནང་ལས་ འཐོབ་ཚུགས་ནི་ཨིན་མི་ དཔེ་དེབ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ དཔེ་མཛོད་ཁང་ཚུ་ནང་ ཞལ་འདེབས་སྦེ་ བགོ་བཀྲམ་གནང་ནི་ཨིན་པས།
དཔེ་དེབ་གསར་བཏོན་གྱི་ རྟེན་འབྲེལ་ནང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་དང་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ མི་དབང་སྲས་སྲོས་ཚུ་ བྱོན་གནང་ཡོདཔ་མ་ཚད་ གཞུང་གྲྭ་ཚང་གི་ སློབ་དཔོན་དང་ བློན་ཆེན་ གཞུང་གི་དཔོན་ཁག་ཚུ་དང་ རྒྱལ་ཁབ་གཞན་ཚུ་ལས་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་ལུ་ ལེགས་སྨོན་ཞུ་མི་ཚུ་གིས་ཡང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *