མི་དབང་རྒྱལ་བཙུན་རྣམ་གཉིས་ ཇ་པཱན་ལུ་བྱོན་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་རྣམ་གསུམ་ ཁ་ཙ་དྲོ་པར་ ཇ་པཱན་ལུ་ བྱོན་ཡོདཔ་ད་ མི་དབང་རྒྱལ་བཙུན་རྣམ་གཉིས་ སྤྱི་ཟླ་༡༠ པའི་༢༢ ལུ་ ཇ་པཱན་གྱི་རྒྱལ་ཆེན་ ན་རུ་ཧི་ཏོ་མཆོག་ གསེར་ཁྲི་མངའ་གསོལ་གྱི་ རྟེན་འབྲེལ་ནང་ གྲལ་བཞུགས་གནང་ནི་ཨིན་པས།
མི་དབང་རྒྱལ་ཆེན་ ཨི་མར་རི་ཏུསི་ ཨ་ཀི་ཧི་ཏོ་མཆོག་ རྒྱལ་ཁྲི་སྤངས་བའི་ཤུལ་ལས་ རྒྱལ་ཆེན་ན་རུ་ཧི་ཏོ་མཆོག་ སྤྱི་ལོ་༢༠༡༩ ཟླ་༥ པའི་ཚེས་༡ ལུ་ ཇ་པཱན་གྱི་ ཅེ་རི་སཱན་ཐི་མམ་གསེར་ཁྲི་གུ་ ཕེབས་གནང་ཡོདཔ་ཨིན་པས།
འབྲུག་དང་ཇ་པཱན་གྱི་བར་ན་ སྤྱི་ལོ་༡༩༨༦ ལུ་ ཕྱི་འབྲེལ་དོན་གཅོདཔ་མཐུན་ལམ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་འབྲེལ་དམ་གཟབ་སྦེ་ གནས་ཏེ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༧ ལུ་ རྒྱལ་ཆེན་ན་རུ་ཧི་ཏོ་མཆོག་ རྒྱལ་སྲས་སྦེ་བཞུགསཔ་ད་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་གནང་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་༡༩༩༠ ལུ་ རྒྱལ་ཆེན་ཨ་ཀི་ཧི་ཏོ་མཆོག་གི་ གསེར་ཁྲི་མངའ་གསོལ་གྱི་ རྟེན་འབྲེལ་ནང་ གྲལ་བཞུགས་གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཇ་པཱན་ལུ་ གཟིགས་སྐོར་མཇུག་ར་ སྤྱི་ལོ་༢༠༡༡ ལུ་ གནང་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *