མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ རྒྱལ་སྲས་ཕི་ལིབ་གཤགས་མི་ལུ་ ཐུགས་སྨོན་གནང་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ མོང་སྒར་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཨིང་ལེནཌ་ལུ་ ཌུག་ཨོཕ་ཨི་དྲེན་བཱག་ཟེར་ མཚན་གནས་བཞེས་མི་ མི་དབང་རྒྱལ་སྲས་ ཕི་ལིབ་གཤགས་མིའི་ རྗེས་དྲན་ལུ་ ཐུགས་སྨོན་གནང་པའི་ཁར་ དཀར་མེ་སྟོང་མཆོད་ཕུལ་གནང་ཡོདཔ་ཨིན་པས།

དེ་བསྒང་ མི་དབང་རྒྱལ་བཙུན་རྣམ་གཉིས་དང་ ཕྱག་ཞུ་སྟེ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་ཚབ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ དེ་ལས་ ཨ་ཞེ་ཡིད་མཚོ་ལྷ་མོ་བྱོན་ཡོདཔ་ཨིན་པས།

ཨིང་ལེནཌ་གི་ མི་དབང་རྒྱལམོ་ ཨི་ལི་ཛ་བེཌ་༢ པའི་སྐུ་ཟླ་ཨིན་མི་ མི་དབང་ཌུག་ཨོཕ་ཨི་དྲེན་བཱག་དེ་ སྤྱི་ཟླ་༤ པའི་ཚེས་༩ ལུ་ གཤགས་པའི་སྐབས་ དགུང་ལོ་༩༩ བཞེས་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་བསྟུན་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ཚུ་ནང་ དམིགས་བསལ་གྱི་ བསྔོ་སྨོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ད་ ཐིམ་ཕུག་ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་གིས་ དབུ་གཙོས་པའི་ ཕྱི་འབྲེལ་བློན་པོ་དང་ འབྲུག་ལུ་སྡོད་མི་ བི་རི་ཊིཤ་གི་མི་སྡེ་ དེ་ལས་ ཡུ་ཀེ་ལུ་ ཤེས་ཡོན་སྦྱང་མི་ འབྲུག་མི་ཚུ་གིས་ སེམས་རྟོགས་ཁ་རྫོང་ནང་ སྨོན་ལམ་དང་ དཀར་མེ་སྟོང་མཆོད་ཕུལ་སར་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *