མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཆིག་སྒྲིལ་འགོ་ཁྲིད་པའི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།

མི་དབང་མཆོག་ འབྲུག་ཕྱི་འབྲེལ་ཞབས་ཏོག་ལས་རིམ་ནང་ བྱོན་གནང་ཡོདཔ།

༉ ཁ་ཙ་ ཕུན་ཚོགས་གླིང་ལུ་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་རིག་སྤེལ་ཁང་ནང་ འབྲུག་ཕྱི་འབྲེལ་ཞབས་ཏོག་ལས་རིམ་ འགོ་བཙུགས་ཀྱི་ རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་ཡོདཔ་ཨིན་པས།
དེ་ཡང་ འབྲུག་ཕྱི་འབྲེལ་ཞབས་ཏོག་ལས་རིམ་དེ་ ཕྱི་རྒྱལ་ལུ་ ཕྱག་ཞུ་མི་ འབྲུག་མི་ཚུ་གི་དོན་ལུ་ བཟོ་ཡོདཔ་ད་ བདུན་ཕྲག་གསུམ་འབད་མི་ ཆིག་སྒྲིལ་འགོ་ཁྲིད་པའི་ སྦྱོང་བརྡར་ལས་རིམ་དེ་ནང་ གོ་གནས་དང་ འགན་ཁུར་སོ་སོའི་ཐོག་ལུ་ ཡིག་ཚང་གཙོ་ཁང་དང་ ཕྱི་རྒྱལ་གྱི་ གཞུང་ཚབ་ལས་ཁང་ཚུ་ནང་ ཕྱག་ཞུ་མི་ ཕྱི་འབྲེལ་ཞབས་ཏོག་འགོ་དཔོན་༢༨ ཀྱིས་ བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པས།
རྒྱལ་འཛིན་གཞུང་སྐྱོང་དང་ ཞབས་རིག་སྤེལ་ཁང་ནང་ ད་རེས་ ལས་རིམ་འགོ་འདྲེན་འཐབ་མི་དེ་ ཐེངས་༨ པ་ཨིནམ་བཞིན་དུ་ ཕྱི་འབྲེལ་ཞབས་ཏོག་ལས་རིམ་དེ་ འགོ་དང་པ་ཨིན་པས།
སྤེལ་ཁང་དེ་ཡང་ རྒྱལ་ཁབ་གོང་འཕེལ་ལུ་ གནད་འགག་ཆེ་བའི་ ལས་དོན་ག་རའི་ནང་ ཕྱག་ཞུ་མི་དང་ འགོ་ཁྲིད་ཀྱི་ ལྕོགས་གྲུབ་ཡོད་མི་ཚུ་ལུ་ སྦྱོར་བརྡར་བྱིན་ཐབས་ལུ་ མི་དབང་མངའ་ཞབས་མཆོག་གི་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ གཞི་བཙུགས་འབད་ཡོདཔ་ད་ སྤེལ་ཁང་གི་ གལ་གནད་ཆེ་བའི་ སྦྱོང་བརྡར་དང་པ་ར་ སྤྱི་ལོ་༢༠༡༣ ལུ་ འགོ་བཙུགས་མི་ ཆེ་རིམ་འཛིན་སྐྱོང་གི་ འགོ་ཁྲིད་ལས་རིམ་དེ་ཨིན་པས།
ཁ་ཙ་ཕྱི་རུ་ མི་དབང་མངའ་ཞབས་མཆོག་གིས་ ཕུན་ཚོགས་གླིང་ལུ་ཡོད་མི་ གཞུང་གི་ལས་སྡེ་ཁག་སོ་སོའི་ ལུང་ཕྱོགས་འགོ་འཛིན་ཚུ་དང་ མཇལ་ཕྲད་མཛད་གནང་པའི་ཤུལ་ལུ་ ཨ་མོ་ཆུ་ས་ཆ་གོང་འཕེལ་དང་ ཁྲོམ་སྡེ་ལས་འགུལ་ནང་ ཆིབས་སྐྱོད་གནང་ཡོད་པའི་གནས་ཚུལ།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *