མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སེམས་རྟོགས་ཁ་རྫོང་ནང་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་བགྲེསཔ་གྱོངས་མི་ལུ་ ཐུགས་སྨོན་གནང་པའི་བསྒང་།

མི་དབང་མཆོག་གིས་ ཨམ་སུསི་མ་ སའུ་རཱཇ་གྱོངས་མི་ལུ་ ཐུགས་སྨོན་གནང་ཡོདཔ།

༉ ཁ་ཙ་དྲོ་པར་ སེམས་རྟོགས་ཁ་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་བགྲེསཔ་ ཨམ་སུསི་མ་སའུ་རཱཇ་གྱོངས་མིའི་དོན་ལུ་ ཐུགས་སྨོན་གནང་ཡོདཔ་མ་ཚད་ དཀར་མེ་སྟོང་མཆོད་ཕུལ་གནང་ནུག།
ཕྱི་འབྲེལ་བློན་པོ་བགྲེསཔ་དེ་ སྤྱི་ཟླ་༨ པའི་ཚེས་༦ གི་ཕྱི་རུ་ གྱོངས་སོཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ སེམས་རྟོགས་ཁ་རྫོང་ནང་ དམིགས་བསལ་གྱི་ བསྔོ་བོ་སྨོན་ལམ་ཚུ་ བཏང་ཡོདཔ་ད་ མི་དབང་མཆོག་གིས་ ཨམ་སུསི་མ་སའུ་རཱཇ་གྱོངས་མིའི་ བཟའ་ཚང་དང་ རྒྱ་གར་གཞུང་ལུ་ ཐུགས་གསོའི་གསུང་འཕྲིན་ཚུ་ཡང་ བསྐྱལ་གནང་ཡོདཔ་ཨིན་པས།

བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་་ཡང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་དང་ བྷ་ར་ཏི་ཡ་ཇ་ན་ཏ་སྲིད་ཚོགས་ དེ་ལས་ སའུ་རཱཇ་གྱོངས་མིའི་བཟའ་ཚང་ཚུ་ལུ་ སེམས་གསོའི་ཡིག་འཕྲིན་གནང་ནུག།
སུསི་མ་སའུ་རཱཇ་གིས་ སྤྱི་ལོ་༢༠༡༤-༢༠༡༩ ཚུན་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་དང་གཅིག་ཁར་ མཉམ་འབྲེལ་དམ་ཟབ་ཐོག་ལུ་ ཕྱག་ལཱ་གནང་ཡོདཔ་བཞིན་དུ་ མོ་གི་གནས་ཡུན་རིང་ལུ་ འབྲུག་གི་ཆ་རོགས་འཆམ་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་གཉིས་ཀྱི་ མཐུན་ལམ་རྩ་བརྟན་བཟོ་ནི་ལུ་ ལྷན་ཐབས་འབད་ཡོདཔ་ཨིན་པས།
སུསི་མ་སའུ་རཱཇ་དེ་ མིག་དཔེ་ཅིག་གི་ དབུ་ཁྲིད་ཅིག་སྦེ་ ཆ་བཞག་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *