མི་དབང་མཆོག་གིས་ ཧིན་དུ་མི་སྡེའི་ འཐུས་མི་ཚུ་ལུ་ དཱ་ས་ཡེན་ཊི་ཀ་ སྦྱར་གནང་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ དེ་བི་ པཱན་ཅ་ཡཱན་མཱན་དིར་ཟེར་མི་ ཧིན་དུ་ལྷ་ཁང་ནང་ ཧིན་དུ་མི་སྡེའི་ འཐུས་མི་ཚུ་ལུ་ དཱ་ས་ཡེན་ཊི་ཀ་ སྦྱར་གནང་ཡོདཔ་ཨིན་པས།༉ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ དེ་བི་ པཱན་ཅ་ཡཱན་མཱན་དིར་ཟེར་མི་ ཧིན་དུ་ལྷ་ཁང་ནང་ ཧིན་དུ་མི་སྡེའི་ འཐུས་མི་ཚུ་ལུ་ དཱ་ས་ཡེན་ཊི་ཀ་ སྦྱར་གནང་ཡོདཔ་ཨིན་པས།མི་དབང་མངའ་ཞབས་མཆོག་ལས་ ཐུགས་སྨོན་དང་ ཊི་ཀ་ཞུ་ནིའི་དོན་ལུ་ མཱན་དིར་དེ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་བརྒྱ་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།མི་དབང་མཆོག་གིས་ འབྲུག་པའི་མི་སེར་ཚུ་ལུ་ དམིགས་བསལ་གྱི་ གསོལ་རས་སྦེ་གནང་མི་ མཱན་དིར་ལྷ་ཁང་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ རབ་གནས་འབད་བའི་ཤུལ་ལས་ དུར་ག་པུ་ཇའམ་གནང་སྟེ་ དཱ་ས་ཡེན་ཉིནམ་ བརྩི་སྲུང་འབད་ཡོདཔ་ད་ དཱ་ས་ཡེན་དེ་ཡང་ འབྲུག་རྒྱལ་ཁབ་ནང་ ཧིན་དུའི་དུས་སྟོན་ གལ་ཆེ་དྲགས་ཅིག་ཨིན་པས།དཱ་ས་ཡེན་ དུས་སྟོན་དེ་ཡང་ རཱ་མ་ན་གིས་ བདུད་རྒྱལ་ར་ཝ་ན་ལས་ རྒྱལ་ཁ་ཐོབ་པའི་ དགའ་སྟོན་ཅིག་ཨིན་པས།ཆུམ་དང་ཞོ་སྦྱར་ནིའི་ ཊི་ཀ་དེ་ དུས་སྟོན་གྱི་ ཡན་ལག་ཅིག་ཨིནམ་ད་ དེ་ཡང་ རྒན་ཤོས་ཚུ་གིས་ བཟའ་ཚང་གི་འཐུས་མི་ གཞོན་ཤོས་ཚུ་ལུ་ ཊི་ཀ་སྦྱར་མི་དེ་ བྱིན་རླབས་དང་ ཉེན་སྲུང་གི་ བརྡ་མཚོན་སྟོནམ་ཨིན་པས།ཧིན་དུ་དར་མ་ ས་མུ་ད་ཡ་ཚོགས་པའི་ རཱ་བི་ དཱ་ཧལ་གྱིས་ སླབ་མིའི་ནང་ མི་དབང་མཆོག་ ཆོས་ཀྱི་རྒྱལ་པོ་ཨིན་པའི་ཁར་ རྒྱལཔོ་རཱ་མའི་ རྣམ་སྤྲུལ་ཨིནམ་བཞིན་དུ་ མི་དབང་མཆོག་གིས་ དུས་སྟོན་ནང་ འཛོམས་མི་ཚུ་གི་དཔྱལཝ་གུ་ ཊི་ཀ་སྦྱར་གནང་མི་དེ་ འབྲུག་རྒྱལ་ཁབ་ནང་ དགའ་སྤྲོ་བྱུང་བའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།དུས་སྟོན་དེ་ཁར་ བློན་ཆེན་དང་ གཞུང་གི་ཆེ་མཐོའི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *