མི་དབང་མཆོག་གིས་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཚུ་ལུ་ དར་གནང་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་གླིང་ཀ་ནང་ཕོ་བྲང་ནང་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་༢༠ ལུ་ དར་གནང་ཡོདཔ་ཨིན་པས།

རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཚུ་ རྫོང་ཁག་སོ་སོའི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་ནང་ལས་ བཙག་འཐུ་འབདཝ་བཞིན་དུ་ རྫོང་ཁག་ཚོགས་འདུ་དེ་ རྫོང་ཁག་ནང་ གྲོས་ཐག་གཅད་སའི་ དབང་འཛིན་མཐོ་ཤོས་ཅིག་ཨིན་པས།ན་ཧིང་ རྒྱལ་ཡོངས་དུས་ཆེན་ནང་ འབྲུག་གི་དོན་ལུ་ རྒྱལ་པོའི་དགོངས་འཆར་དང་ མ་འོངས་པའི་ ཐུགས་ཚ་གྱང་ཚུ་གི་ གསུང་བཤད་གནང་མིའི་སྐོར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁྲི་འཛིན་ཚུ་ལུ་ རྒྱས་ཤིང་རྒྱསཔ་སྦེ་ གསུངས་གནངམ་དང་འབྲེལ་ ཁྲི་འཛིན་ཚུ་གིས་ གསར་གཏོད་/ཐབས་ཤེས་ག་ཅི་ར་བཏོན་རུང་ དེ་གིས་ མི་སེར་ཚུ་ལུ་ ཕན་རླབས་ཆེ་དྲགས་དང་ ཡར་སྐྱེད་བཏག་ནི་ལུ་ ལྷན་ཐབས་འབད་ཚུགས་པའི་ ལམ་སྟོན་ལུ་ གཙོ་རིམ་བཟུང་དགོ་པའི་ བཀའ་སློབ་གནང་ཡོདཔ་ཨིན་པས།

ན་ཧིང་ ས་གནས་གཞུང་གི་ བཙག་འཐུ་༣ པ་ འགོ་འདྲེན་འཐབ་སྟེ་ རྒེད་འོག་༢༠༥ འི་འགོ་ཁྲིདཔ་ཚུ་ བཙག་འཐུ་གྲུབ་པའི་ཤུལ་ལས་ རྫོང་ཁག་ཚོགས་འདུའི་ ཚོགས་རིམ་༡ པའི་ནང་ ཁྲི་འཛིན་ཚུ་ བཙག་འཐུ་གྲུལ་ཡོདཔ་བཞིན་དུ་ ཀྲོང་གསར་མ་གཏོགས་ རྫོང་ཁག་༡༩ འི་ཁྲི་འཛིན་ཚུ་ རྒེད་འོག་ཚོགས་སྡེའི་ ཁྲི་འཛིན་ཨིནམ་ད་ ཀྲོང་གསར་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་དེ་ ཁྲོམ་སྡེའི་འཐུས་མི་ཨིན་པའི་གནས་ཚུལ།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *