༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་ངོ་༡༣༧ ལུ་ མི་ཁུངས་ཀྱི་ སྐྱིད་སྡུག་གནང་ཡོདཔ་ད་ སྐྱིད་སྡུག་ཐོབ་མི་ཚུ་གིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ རྩ་བ་གསུམ་ལུ་ ཁས་བླངས་དམ་བཅའ་ཕུལ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་འཁོད་ལུ་ སྡོད་མི་དང་ མི་ཆེ་འབྲིང་ཆུང་གསུམ་ལས་ཨིན་མི་ སྐྱིད་སྡུག་ཐོབ་མི་ཚུ་གིས་ མི་དབང་མངའ་བདག་རིན་ཆེ་མཆོག་ལུ་ ཐད་ཀར་དུ་ ཕྱག་ཕུལ་ཐོག་ལས་དང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ སྐྱིད་སྡུག་རྒྱབ་སྐྱོར་ཞབས་ཏོག་ དེ་ལས་ བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ལས་ ཞུ་བ་ཚུ་ ཕུལ་ཡོདཔ་ཨིན་པས།
ཧེ་མར་ སྐྱིད་སྡུག་ཐོབ་མི་ཚུ་བཟུམ་སྦེ་ར་ མི་དབང་མངའ་ཞབས་མཆོག་གིས་ ཁེ་ཕན་ཐོབ་མི་ཚུ་དང་ མཇལ་ཕྲད་མཛད་གནང་སྟེ་ འབྲུག་པའི་མི་ཁུངས་འབད་ཞིནམ་ལས་ རྒྱལ་ཁབ་ལུ་ འགན་ཁུར་རྒྱ་ཆེཝ་སྦེ་ འབག་དགོཔ་ཡོད་པའི་སྐོར་ དྲན་གསལ་གནང་ནུག།
སྐྱིད་སྡུག་གནང་བཞིན་དུ་ཡོད་པའི་ བྱ་རིམ་ཐོག་ མི་དབང་མངའ་ཞབས་མཆོག་གིས་ ད་ཚུན་གྱི་བར་ན་ མི་ངོ་༩,༠༠༠ ལྷགཔ་ཅིག་ལུ་ མི་ཁུངས་ཀྱི་ སྐྱིད་སྡུག་གནང་ཡོདཔ་ཨིན་པས།
མི་ཁུངས་ཀྱི་ སྐྱིད་སྡུག་གནང་པའི་ རྟེན་འབྲེལ་ནང་ བློན་ཆེན་དང་ ནང་སྲིད་བློན་པོ་ དེ་ལས་ དྲང་ཁྲིམས་ལྷན་སྡེ་དང་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
Check Also
མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ལས་སྣ་ཚུ་ འཕྲོ་མཐུད་མི་འབད་ནི།
༉ བཀྲིས་གཡང་རྩེ་ལུ་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་ནི་དེ་ མཚམས་འཇོག་འབད་ཡོདཔ་ལས་ ད་ལས་ཕར་ ལས་འགུལ་དང་འབྲེལ་བའི་ ལས་སྣ་ག་ཅི་ར་ཨིན་རུང་ འཕྲོ་མཐུད་དེ་ མི་འབད་ཟེར་ཨིན་པས། བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་འབད་བ་ཅིན་ …