གཡོན་ཁ་ཐུག་ལས་ དྲང་དཔོན་ཀུན་ལེགས་རྡོ་རྗེ་དང་ གྲུ་པ་འབྲུག་པ་ པདྨ་དབང་ཕྱུག་ པདྨ་རིག་འཛིན། དབང་འདུས་རྫོང་བདག་བསོད་ནམས་རྒྱ་མཚོ། གཞུང་ཚབ་སྒྲོལ་མ་ཚེ་རིང་། ཁྲིམས་སྲུང་འགག་སྡེའི་དམག་སྲིད་ དབང་འདུས་ནོར་བུ་དང་ སྐུ་སྲུང་དམག་སྡེའི་མདོ་འཛིན་ བསོད་ནམས་སྟོབས་རྒྱས་ ཁྲིམས་སྲུང་འགག་སྡེའི་དམག་སྲིད་ ཚེ་དབང་རིག་འཛིན།

མི་དབང་མཆོག་གིས་ དྲང་དཔོན་དང་ རྫོང་བདག་ གཞུང་ཚབ་བསྐོ་བཞག་དང་ འགོ་དཔོན་༣ ལུ་ གོ་གནས་ཡར་སེང།

༉ ཁ་ཙ་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ལེགས་དར་གནང་ཐོག་ལས་ དབང་འདུས་ཕོ་བྲང་གི་ རྫོང་བདག་དང་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་བཞུགས་སྐུ་ཚབ་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ཚུ་ བསྐོ་བཞག་གནང་ཡོདཔ་མ་ཚད་ སྐུ་སྲུང་དམག་སྡེ་དང་ ཁྲིམས་སྲུང་འགག་སྡེ་ལས་ འགོ་དཔོན་ཚུ་ལུ་ གོ་གནས་ཡར་སེང་གནང་ཡི།
དེ་ཡང་ བསོད་ནམས་རྒྱ་མཚོ་གིས་ དབང་འདུས་ཕོ་བྲང་གི་ རྫོང་བདག་སྦེ་དང་ སྒྲོལ་མ་ཚེ་རིང་གིས་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་བཞུགས་སྐུ་ཚབ་སྦེ་ ཕྱག་ཞུ་ནི་ཨིན་པས།
དྲང་དཔོན་གྲུ་པ་འབྲུག་པ་དང་ ཀུན་ལེགས་རྡོ་རྗེ་ པདྨ་དབང་ཕྱུག་ པདྨ་རིག་འཛིན་༤ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ནུག།
དེ་ལས་ གོ་གནས་ཡར་སེང་ཐོབ་མི་ འགོ་དཔོན་ཚུ་ཡང་ སྐུ་སྲུང་དམག་སྡེ་ལས་ མདོ་འཛིན་བསོད་ནམས་སྟོབས་རྒྱས་དང་ ཁྲིམས་སྲུང་འགག་སྡེ་ལས་ དམག་སྲིད་ཚེ་དབང་རིག་འཛིན་དང་ དམག་སྲིད་དབང་འདུས་ནོར་བུ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༡ པའི་རྩ་དོན་༡༢ པ་དང་འཁྲིལ་ འབྲུག་རྒྱལ་པོ་མཆོག་གིས་ བསྐོ་བཞག་གནངམ་མ་ཚད་ དེ་བཟུམ་སྦེ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢ པའི་རྩ་དོན་༡༩ (ཙ) དང་(བ) དང་འཁྲིལ་ རྫོང་བདག་དང་ གཞུང་ཚབ་ཚུ་ བསྐོ་བཞག་གནངམ་ཨིན།
འབྲུག་རྒྱལ་པོ་མཆོག་ དྲག་པོའི་དམག་སྡེའི་ མངོན་མཐོའི་བཀོད་དཔོན་སྤྱི་ཁྱབ་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *