གཡོན་ཁ་ཐུག་ལས་ མགར་ས་རྫོང་བདག་ རིག་འཛིན་དཔལ་འབྱོར་དང་ བརྒྱུད་འབྲེལ་དྲུང་ཆེན་ ཕུན་ཚོགས་སྟོབས་རྒྱས་ དེ་ལས་ གཟིམ་དཔོན་འོགམ་ པདྨ་རིག་འཛིན།

མི་དབང་མཆོག་གིས་ གསར་བསྐོ་གནང་མི་ དྲུང་ཆེན་དང་ རྫོང་བདག་ གཟིམ་དཔོན་འོགམ་ལུ་ དར་གནང་ཡོདཔ།

༉ ཁ་ཙ་ བཀྲིས་ཆོས་རྫོང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་ དྲུང་ཆེན་གསརཔ་དང་ མགར་ས་རྫོང་བདག་ དེ་ལས་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་དོན་ལུ་ གཟིམ་དཔོན་འོགམ་ཅིག་ བསྐོ་བཞག་གི་ ལེགས་དར་གནང་ནུག།
བསྟན་རྒྱས་ལྷན་ཁག་ ས་གཏེར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་སྦེ་ ཕྱག་ཞུ་མི་ ཕུན་ཚོགས་སྟོབས་རྒྱས་དེ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་ དྲུང་ཆེན་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཡིག་ཚང་ནང་ མདོ་ཆེན་སྦེ་ ཕྱག་ཞུ་མི་ རིག་འཛིན་དཔལ་འབྱོར་དེ་ མགར་ས་རྫོང་ཁག་གི་ རྫོང་བདག་གསརཔ་ཨིན་པས།
དེ་ལས་ འབྲུག་མངའ་བདག་རྒྱལ་པོའི་ཡིག་ཚང་འོག་ལུ་ རེ་འདོད་ལས་འགུལ་གྱི་ མདོ་ཆེན་སྦེ་ ཕྱག་ཞུ་མི་ པདྨ་རིག་འཛིན་དེ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ གཟིམ་དཔོན་འོགམ་སྦེ་ བསྐོ་བཞག་གནང་ནུག།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢.༡༩ པའི་དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་གི་དྲུང་ཆེན་དང་ རྫོང་བདག་ཚུ་ བློན་ཆེན་གྱིས་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གདམ་ངོ་ལེན་ཏེ་ གྲོས་འདེབས་ཕུལ་ཐོག་ བསྐོ་བཞག་མཛད་གནངམ་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *