འབྲུག་གི་གཞུང་ཚབ་ བསོད་ནམས་སྟོབས་རྒྱས།

མི་དབང་མཆོག་གིས་ གཞུང་ཚབ་དང་ རྫོང་བདག་༢ བསྐོ་བཞག།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨཱསི་ཊ་ལི་ཡའི་དོན་ལུ་ འབྲུག་གི་གཞུང་ཚབ་དང་ རྫོང་བདག་༢ བསྐོ་བཞག་ཐོག་ བཀྲིས་ལེགས་དར་གནང་ཡོདཔ་ཨིན་པས།

དེ་ཡང་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་ མདོ་ཆེན་སྦེ་ ཕྱག་ཞུ་མི་ བསོད་ནམས་སྟོབས་རྒྱས་དེ་ ཨཱསི་ཊ་ལི་ཡ་ལུ་ འབྲུག་གི་གཞུང་ཚབ་སྦེ་ བསྐོ་བཞག་གནང་ནུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་མདོ་ཆེན་ ཀརྨ་འཕྲིན་ལས་དེ་ སྤ་རོའི་རྫོང་བདག་གསརཔ་དང་ ཤེས་རིག་ལྷན་ཁག་ ན་ལོན་དང་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ མཁས་མཆོག་སྦེ་ ཕྱག་ཞུ་མི་ བ་བུ་རམ་ཤེར་པ་དེ་ བཀྲིས་གཡང་རྩེའི་ རྫོང་བདག་ཨིན་པའི་གནས་ཚུལ།



བཀྲིས་གཡང་རྩེའི་རྫོང་བདག་ བ་བུ་རམ་ཤེར་པ་དང་ སྤ་རོའི་རྫོང་བདག་ ཀརྨ་འཕྲིན་ལས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *