མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ཆིབས་སྐྱོད་གནང་བའི་ཤུལ་ལས་ ལོག་ཕེབས་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྟན་སྐྱོང་གླིང་ལུ་ བདེ་སྲུང་སྦྱོང་བརྡར་ལས་རིམ་ཐེངས་༤༩ པའི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ དགེ་ལེགས་ཕུག་ལས་ བསྟན་སྐྱོང་གླིང་ལུ་ ཆིབས་སྐྱོད་གནང་པའི་སྐབས་ རྩི་རང་ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

མི་དབང་མཆོག་ དགེ་ལེགས་ཕུག་ལུ་བཞུགས་པའི་སྐབས་ འཇིགས་མེད་གླིང་དང་ དཔལ་རི་ཐང་ལུ་ སྦྱོང་བརྡར་ཤོ་ཐེངས་༤༩ པའི་ བདེ་སྲུངཔ་ཚུ་དང་ མཇལ་ཕྲད་གནང་ཡོདཔ་མ་ཚད་ གསར་སྤང་རྫོང་ཁག་གི་ ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་དང་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ འཕྲལ་ཁམས་ཅིག་ཁར་ གཞི་བཙུགས་འབད་མི་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ གཞི་བཙུགས་འབད་སའི་ སྟ་རས་ཐང་བཟོ་སྐྲུན་ས་ཁོངས་ རྒྱལ་སྲུང་སློབ་རིག་ཁང་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ རྒྱལ་ཡོངས་རོ་ཁྱི་འཛིན་སྐྱོང་ལས་འགུལ་དང་ འཆོལ་ནད་བཀག་འཛིན་ལས་རིམ་ དེ་ལས་ དགེ་ལེགས་ཕུག་ལུ་ ཆུའི་མཉམ་འབྲེལ་ལས་འགུལ་ནང་ལཱ་འབད་མི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་མ་ཚད་ གསེར་གཞོང་ལུ་ བཞེས་སྒོའི་སྦྱོང་བརྡར་འབད་མི་ བདེ་སྲུང་རིག་རྩལ་ལས་འགུལ་ནང་ཡང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་ཞིབ་གནང་པའི་སྐབས་ བསམ་རྩེ་དང་ ཕུན་ཚོགས་གླིང་ལུ་ ཆིབས་སྐྱོད་གནང་ཡོདཔ་ཨིན་པས།

བསམ་རྩེ་ལུ་ བཞུགས་པའི་སྐབས་ མི་དབང་མཆོག་གིས་ རྫོང་ཁག་ལས་བྱེད་ཚོགས་ཆུང་དང་ ལུང་ཕྱོགས་དང་གཙུག་སྡེའི་ འགོ་འཛིན་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་མ་ཚད་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ནང་ བཅའ་མར་གཏོགས་མི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ བསྟན་འབྲུ་དང་ བཀྲིས་ཆོས་གླིང་ལུ་ ཤོ་ཐེངས་༤༩ པའི་ སྦྱོང་བརྡར་བ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་མ་ཚད་ ཤིང་འབྲས་ཀྱི་ལྕངམ་ས་ཡ་༡ འཛུགས་སྐྱོང་གི་ལས་འགུལ་ནང་ བཅའ་མར་གཏོགས་མི་ཚུ་དང་གཅིག་ཁར་ཡང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ རྒྱ་མཚོ་གླིང་ལུ་ རྒྱལ་སྲུང་སློབ་རིག་ས་ཁོངས་དང་ ཉལ་ཁྲི་༥༠༠ ཡོད་མི་ ཟུར་བཞག་མཐུན་རྐྱེན་ དེ་ལས་ དམ་དུམ་ལུ་ དེད་གཡོག་སྦྱོང་བརྡར་ལྟེ་བའི་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་གི་ གཟིགས་ཞིབ་ལས་རིམ་དེ་ སྤྱི་ཟླ་༥ པའི་ཚེས་༥ ལས་ འགོ་བཙུགས་ཡོདཔ་ཨིན་པས།

མི་དབང་མཆོག་ ཕུན་ཚོགས་གླིང་ལུ་ བཞུགས་པའི་སྐབས་ རྒྱལ་སྤྱིའི་ས་མཚམས་སྒོ་ར་གིས་གཙོས་པའི་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ འཐོན་འཛུལ་ས་གོ་དང་ སྒྲིག་གཡོག་རྒྱུག་མི་ བདེ་སྲུངཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *