མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཇོ་མོ་གཙང་ཁ་ལུ་ཕེབས་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཤར་ཕྱོགས་ཀྱི་ ས་མཚམས་ཚུ་བདའ་སྟེ་ ཉིན་གྲངས་༥  ཞབས་སྟོང་སྦེ་ བྱོན་པའི་ཤུལ་ལས་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ལུ་ ཕེབས་ཡོདཔ་ཨིན་པས།

མི་དབང་མངའ་ཞབས་མཆོག་ སྤྱི་ཟླ་༦ པའི་ཚེས་༨ ལས་ བཀྲིས་སྒང་མེ་རག་ལས་ ཞབས་སྟོང་སྦེ་བྱོནམ་ད་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་དང་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་༢ ཕྱག་ཞུ་སྟེ་ བྱོན་ཡོདཔ་ཨིན་པས།

དེ་བསྒང་ མི་དབང་མཆོག་གིས་ ས་མཚམས་ཀྱི་ འཛུལ་སྒོ་ཚུ་དང་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་གིས་ ལྟ་རྟོག་དང་ འཛིན་སྐྱོང་འཐབ་མི་ ས་སྲུང་ཞིབ་དཔྱད་སྒོ་ར་ཚུ་ནང་ གཟིགས་སྐོར་གནང་ཡོདཔ་ད་ ས་སྲུང་སྒོ་ར་ཅིག་ནང་ ཁྲིམས་སྲུང་འགག་པ་བགྲེསཔ་ཅིག་ཡང་ཡོདཔ་ཨིན་པས།

མི་དབང་མཆོག་ ཞབས་སྟོང་སྦེ་བྱོན་སའི་ལམ་ མེ་རག་ལས་ མཚོ་ཐང་ཚུན་ ཀི་ལོ་མི་ཊར་༦༧ ཡོདཔ་ད་ ཧེ་མ་འབད་བ་ཅིན་ ས་མཚམས་སྒོ་ཡངས་དྲགས་ཡོད་མིའི་ ཕྱི་ཁར་སྡོད་མི་ཚུ་གི་བར་ན་ གནམ་བྱཱར་ལུ་ པདཔ་དང་རོང་ཆུ་ཚུ་བྲེས་པའི་སྐབས་ལུ་ཡང་ ཕན་ཚུན་འབྲེལ་བ་འཐབ་ནི་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ ས་མཚམས་ཀྱི་ འགེགས་སྲུང་སྒོ་ར་ཚུ་ནང་ གཟིགས་ཞིབ་གནངམ་དང་འབྲེལ་ ནད་ཡམས་ཀྱིས་ གནོད་པ་བྱུང་མི་དང་ ས་མཚམས་སྒོ་བསྡམས་མི་ལུ་བརྟེན་ ཕར་ཚུར་འབྲེལ་བ་འཐབ་སྟེ་ འཚོ་བ་སྐྱོང་སྡོད་མི་ཚུ་ལུ་ ཐོ་ཕོག་མི་དེ་ལུ་ ཐུགས་ཚ་གྱང་ཡོད་ལུགས་ གསུངས་གནང་ནུག།

ད་ལྟོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཇོ་མོ་གཙང་ཁ་ལུ་ བཞུགས་ཏེ་ཡོདཔ་ད་ ཇོ་མོ་གཙང་ཁ་དེ་ སྤྱི་ཟླ་༥ པའི་ཚེས་༢༡ ལས་ཚུར་ འགྲུལ་སྐྱོད་བཀག་དམ་འབད་བའི་ཤུལ་ལུ་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ ཚད་འཛིན་འབད་ཚུགསཔ་ལས་ དྲུང་ཁག་གིས་ འགྲོ་འགྲུལ་ལྷོད་ཡངས་བཟོ་བའི་བསྒང་ཡོདཔ་ཨིན་པས།

ཤར་ཕྱོགས་ལུ་ འཕྲལ་ཁམས་ཅིག་ཁར་ མི་སྡེ་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཐོན་མི་ལུ་བརྟེན་ ས་གོ་སོ་སོའི་ནང་ འགྲོ་འགྲུལ་བཀག་དམ་འབད་བའི་ཤུལ་ལས་ མི་དབང་མཆོག་ ནད་ཡམས་ཁྱབ་སྤེལ་བཀག་ནིའི་ ཐབས་ལམ་བཏོན་མི་ཚུ་ལུ་ གཟིགས་ཞིབ་གནང་པར་ སྤྱི་ཟླ་༦ པའི་ཚེས་༧ ལས་ བྱོན་ཡོད་པའི་གནས་ཚུལ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *