མི་དབང་མཆོག་ དྲགོས་པདྨ་ཚེ་དབང་དང་ལྷན་བཞུགས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཉིས་སྐལ་མའི་ གོ་གནས་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་དང་ ལྷོ་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ཁྲི་འཛིན་ བསོད་ནམས་སྟོབས་རྒྱས་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ ཤར་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ཁྲི་འཛིན་ པདྨ་ཚེ་དབང་གཉིས་ལུ་ འབུ་རས་དམརཔོ་གནང་ཡི།

གཉིས་སྐལ་མའི་ གོ་གནས་ཐོབ་མི་གཉིས་ཀྱིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ཁྲི་ཐོག་བཞུགས་པའི་སྐབས་ལས་ར་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་བའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་ཕེབས་ཏེ་ ལོ་༡༥ ལང་པའི་རིང་ལུ་ཡང་ ག་དེ་དྲག་དྲག་ འགན་འབག་སྟེ་ ཕྱག་ཞུ་ཡོདཔ་ད་ ཁོང་གཉིས་ལུ་ འབུ་རས་དམརཔོ་གནང་མི་དེ་ཡང་ ཁོང་གཉིས་ཀྱིས་ རྒྱལ་ཁབ་ལུ་ འཐུས་ཤོར་མེད་པར་ དད་དམ་འགྱུར་བ་མེད་པར་ འཕྲོ་མཐུད་དེ་ར་ ཕྱག་ཞུ་འོང་མནོ་བའི་ རེ་བ་ལུ་དམིགས་ཏེ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *