དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་རིམ་བྱོན་ཚུ་གིས་བཞེས་མི་ དབུ་ཞྭ་བྱ་རོག་གདོང་ཅན་གྱི་སྐོར་ སློབ་དཔོན་ལུང་བསྟན་རྒྱ་མཚོ་དང་ དྲགོས་གཡང་སྐྱིད་ཊི་དབང་ཕྱུག་གཉིས་ཀྱིས་ དྲགོས་ཀརྨ་ཚུལ་ཁྲིམས་དང་ གསུང་གྲོས་གནང་པའི་བརྒང་།

མའུན་ཊེན་ཨི་ཀོ་ལས་རིམ་ རྒྱལ་ཁབ་ཀྱི་དོན་ལུ་ ཕན་ཁྱད་ཅན།

༉ མའུན་ཊེན་ཨི་ཀོ་ཟེར་མི་ ཤེས་ཡོན་དང་ རྩོམ་བྲིས་དང་འབྲེལ་བའི་ གྲོས་བསྡུར་ལས་རིམ་ཐེངས་༡༠ པ་དེ་ ཐིམ་ཕུག་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ སྤྱི་དོན་ཁང་ནང་ འགོ་འདྲེན་འཐབ་པའི་སྐབས་ མའུན་ཊེན་ཨི་ཀོ་ལས་རིམ་གྱི་ སྐྱབས་འཛིན་པ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ བྱོན་གནང་ཡོདཔ་ད་ ཉིནམ་༣ གྱི་ལས་རིམ་དེ་ ཁ་ཙ་ མཇུག་བསྡུ་ཡི།
མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་མིའི་ནང་ ལོ་༡༠ ནང་འཁོད་ལུ་ ལས་རིམ་འདི་ལུ་བརྟེན་ བདག་འཛིན་འཐབ་ནི་དང་ གོ་བརྡ་སྤྲོད་ནི་ སེམས་ཀྱི་གདིང་ལས་ར་ ལོ་རྒྱུས་ཕར་ཚུར་བཤད་ནི་ཚུ་ འབད་ཚུགས་ཅི་ཟེར་ཨིན་པས།
མི་ཚེ་ལེ་ཤ་དང་ གཏམ་རྒྱུད་ལེ་ཤ་ཡོད་ཟེར་བའི་ ཐེངས་༡༠ པའི་བརྗོད་དོན་ཐོག་ལུ་ མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་མིའི་ནང་ ཞིང་གཤེགས་ཡབ་ཨོ་རྒྱན་རྡོ་རྗེ་མཆོག་གིས་ ཐུགས་བརྩེ་བའི་སྒོ་ལས་ ལམ་སྟོན་དང་ དམིགས་གཏད་ལུ་བརྟེན་ ཨ་ལོ་ཚུ་ བཟང་པོའི་ལམ་ལུ་བཀོད་དེ་ཡོད་ཟེར་ ཨིན་པས།
ཤིང་གཤེགས་ཡབ་ཨྱོན་རྡོ་རྗེ་མཆོག་གིས་ བརྩོན་འགྲུས་ཅན་དང་ དཀའ་སྡུག་ཅན་གྱི་ མ་འོངས་སྔོན་གཟིགས་ཅན་ ཐོག་ལས་ ཉིན་ཚན་མེད་པར་ ཕྱག་ལཱ་གནང་མི་གིས་ རྒྱལ་ཁབ་ལུ་ མི་དཔེ་བཟང་པོའི་སྒོ་ལས་ ཞབས་ཏོག་ གང་དྲག་ཞུ་ཡི་ཟེར་ མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་ཡི།
ཞལ་འཛོམས་ཁང་ནང་ མི་དབང་རིམ་བྱོན་ཚུ་གི་ལོ་རྒྱུས་དང་ ནང་པའི་ཆོས་དང་ལམ་སྲོལ་ འབྲུག་རྒྱལ་ཁབ་ ཡར་རྒྱས་མདུན་དུ་སྤོ་མི་ བྱ་རིགས་རྣམ་པ་སྣ་ཚོགས་ དེ་ལས་ རིག་རྩལ་ཅན་གྱི་ཐོག་ལས་ རྩོམ་བྲིས་འབད་མི་ཚུ་གི་ གནད་དོན་ཐོག་ལུ་ གོ་བསྡུར་གནང་ཡི།
ལམ་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ རང་སོའི་དང་འདོད་དང་འཁྲིལ་ གནད་དོན་སྣ་ཚོགས་ཀྱི་ཐོག་ལས་ དེང་སང་གི་ ཤེས་ཡོན་ལུ་བརྟེན་པའི་ གཏམ་འབྲི་ནི་དང་ ཚོང་ལས་གསརཔ་འགོ་བཙུགས་ཀྱི་ ལོ་རྒྱུས་འབྲི་ནི་ཚུ་ གཙོ་བོ་སྦེ་ འགོ་འདྲེན་འཐབ་ཅི།
ཐུགས་སྤྲོ་དང་ ཤེས་ཡོན་སྤྲེལ་ཐབས་ལུ་ རྒྱ་གར་དང་ འབྲུག་ལས་ ཁྱད་རིག་ཅན་ཚུ་གིས་ དང་ཕུ་གི་ཞབས་ ཁྲ་དང་ དེང་སང་གི་ འཆམ་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་ཁར་ ཕྱི་རུ་ཁམས་ཅིག་ཁར་ ཐིམ་ཕུག་ཁྲོམ་ཁར་ཡོད་མི་ ཆུ་ཚོད་འཁོར་ལོའི་རྩ་བར་ སྙན་ཆའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཅི།
འཛམ་གླིང་རྒྱལ་སྤྱི་ལས་ མི་༨༠ དེ་ཅིག་གིས་ ཤེས་རིག་དང་ བཟོ་བཀོད་ ད་རེས་ནངས་པའི་ བཞེས་སྒོ་དང་ གནས་སྟངས་གསརཔ་ ཚོང་ལཱ་ དེ་ལས་ ཕན་ནུས་ཅན་གྱི་ཞབས་ཏོག་ཚུ་གི་གནད་དོན་ཚུ་ལུ་ གསལ་བཤད་དང་ གཏམ་རྒྱུད་སླབ་ནིའི་ནང་ བཅའ་མར་གཏོགས་ཡི།
སྤྱི་ཟླ་༨ པའི་ཚེས་༢༢ ལུ་ མི་དབང་རྒྱལ་ཡུམ་མཆོག་གིས་ ལས་རིམ་འགོ་བཙུགས་མི་དང་འབྲེལ་ རྟེན་འབྲེལ་ལུ་ ཐུགས་སྨོན་གནང་སྟེ་ དཀར་མེ་ཕུལ་ཡོདཔ་བཞིན་དུ་ ལས་རིམ་དེ་ལུ་བརྟེན་ རྒྱ་འབྲུག་གཉིས་ཀྱི་བར་ན་ མཛའ་བཤེས་མཐུན་འབྲེལ་དང་ མནོ་ལུགས་བསྒྱུར་བཅོས་ རྒྱ་ཆེ་དྲགས་སྦེ་སོང་ཡི་ཟེར་ གསུངས་གནང་ཡི།
མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་མི་དང་འཁྲིལཝ་ད་ བརྩི་སྲུང་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ གི་བར་ན་ གཅིག་གིས་གཅིག་ལུ་ ངོ་ཤེས་འདྲིས་ཤེས་འབད་ནི་དང་ རང་སོའི་ལམ་དང་ ལུགས་སྲོལ་གྱི་ཤེས་ཡོན་སྤེལ་ནི་ལུ་ ཁེ་ཕན་ དེ་ལས་ འཛམ་གླིང་ནང་ ན་གཞོན་ཚུ་གིས་ རང་སོའི་ལྕོགས་གྲུབ་དང་ རིག་རྩལ་སྟོན་ནིའི་གོ་སྐབས་ ལེགས་ཤོམ་འདུག་ཟེར་ཨིན་མས།
བརྩི་སྲུང་ལས་རིམ་བཟོ་མི་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཅིག་ཨིན་མི་ སི་ཡ་ཧི་ལས་ མི་ཏ་ ཀ་པུར་ གྱིས་ སླབ་མིའི་ནང་ ལས་རིམ་དེ་གིས་ གོ་སྐབས་ཅིག་ སྐད་རིགས་དང་ཤེས་ཡོན་ཚུ་ ད་ལྟོ་ཚུན་ འཛམ་གླིང་ ནང་མེད་མི་ཚུ་ ཤེས་ཚུགསཔ་བཟོ་ནིའི་ ཁེ་ཕན་འདུག་ཟེར་ཨིན་པས།
མའུན་ཊེན་ཨི་ཀོ་ལས་རིམ་དེ་ རྒྱ་འབྲུག་མཛའ་བཤེས་མཐུན་འབྲེལ་གྱི་ཐོག་ལས་ སི་ཡ་ཧི་དང་མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *