ཨམ་སྲུའི་དབྱེ་སྡེ་ནང་ལས་ དྲག་ཤོས་ཐོན་མི་ཚུ།

མཐུན་འབྲེལ་ཡུན་ཐུབ་ཀྱི་ རྐང་འཁོར་རྒྱུག་འགྲན་འགོ་འདྲེན་འཐབ་ཡོདཔ།

༉ སྤྱི་ཟླ་༤ པའི་ཚས་༢༢ ཀྱི་དྲོ་པར་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ མཐུན་འབྲེལ་ཡུན་ཐུབ་ཀྱི་ རྐང་འཁོར་རྒྱུག་འགྲན་ འགོ་འབྱེད་གནང་ཡོདཔ་བཞིན་དུ་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ སྤ་རོ་ལས་ ཐིམ་ཕུག་ཚུན་ ཀི་ལོ་མི་ཊར་༡༠༠ གི་ རྒྱུག་འགྲན་ནང་ རྐང་འཁོར་བཏང་མི་༡༠༣ གྱིས་ བཅའ་མར་གཏོགས་ནུག།
དེ་ཡང་ ཕོ་སྐྱེས་ཀྱི་ དབྱེ་སྡེ་ནང་ འབྲུག་གི་བསྟན་སྲུང་དམག་སྡེ་ལས་ ནོར་བུ་གིས་ ཀི་ལོ་མི་ཊར་༡༠༠ དེ་ དུས་ཡུན་ཆུ་ཚོད་༣.༣:༤༩ ལུ་ མཇུག་བསྡུ་སྟེ་ ཨང་དང་པ་ཐོན་ཡོདཔ་ད་ ད་རུང་ བསྟན་སྲུང་དམག་སྡེ་ལས་ ཀུན་ལེགས་བསྟན་འཛིན་གྱིས་ ནོར་བུ་ལྷོད་དེ་ དུས་ཡུན་སྐར་མ་༢ ཀྱི་རྒྱབ་ལས་ ལྷོད་ཡོདཔ་བཞིན་དུ་ ཨང་གསུམ་པ་ཐོན་མི་ བཀྲིས་རྣམ་རྒྱལ་གྱིས་ སྐར་ཆ་༢༠ གི་ཤུལ་ལས་ལྷོད་ནུག།
ཨམ་སྲུའི་དབྱེ་སྡེ་ནང་ ཨཱསི་ཊེ་ལི་ཡ་ལས་ སྐྱེས་ལོ་༢༧ ལང་མི་ ཀ་ཡི་ མེ་གཱན་ རེཌ་མཱན་གྱིས་ དུས་ཡུན་ཆུ་ཚོད་༣.༢༩:༤༤ ནང་ མཇུག་བསྡུ་ཡོདཔ་ད་ རིན་ཆེན་སྒྲོལ་མ་རབ་རྒྱས་ཀྱིས་ དུས་ཡུན་སྐར་མ་༨ ཀྱི་ཤུལ་ལས་ ལྷོད་ཡོདཔ་བཞིན་དུ་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ལས་ འཆི་མེད་སྒྲོལ་མ་གིས་ ཨང་གསུམ་པ་ཐོན་ནུག།
རྐང་འཁོར་རྒྱུག་འགྲན་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་དྲན་བརྩི་སྲུང་གི་དོན་ལུ་ ཌཱན་ཊག་ལས་འགུལ་དང་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ འགོ་འདྲེན་འཐབ་མི་དེ་ནང་ ཐིམ་ཕུག་དང་ དབུས་སུ་ནང་-ཐིམ་ཕུག་གི་བར་ན་ རྒན་ཤོས་དབྱེ་སྡེ་དང་ སྐྱེས་ལོ་༡༦ མན་ཆད་འབད་མི་ བུཚ་དང་བུམོ་ཚུ་གི་ རྒྱུག་འགྲན་ཡང་ འབད་ཡོདཔ་ཨིན་པས།
རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་དེ་ཡང་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ གནང་ཡོད་པའི་གནས་ཚུལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *