མཐའ་ཟུར་སློབ་གྲྭའི་ སློབ་དཔོན་༡ འཛིན་བཟུང་འབད་ཡོདཔ།

༉ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ མཐའ་ཟུར་སློབ་གྲྭའི་ སློབ་དཔོན་ཅིག་གིས་ སྐྱེས་ལོ་༡༢ ལས་༡༤ གི་བར་ན་འབད་མི་ སློབ་ཕྲུག་བུམོ་༥ ལུ་ འདོད་ཆགས་ཀྱི་སྒོ་ལས་ གནོད་འཚེ་འབད་བའི་ དོགས་པ་ལུ་བརྟེན་ སློབ་དཔོན་༡ འཛིན་བཟུང་འབད་ཡོདཔ་ཨིན་པས།
ད་རེས་ སློབ་ཕྲུག་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ སློབ་གྲྭའི་མིང་ གསལ་སྟོན་མ་འབད་བར་ བཞག་སྟེ་ཡོདཔ་ད་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས སླབ་མིའི་ནང་ གནད་དོན་དེ་ གཞུང་མིན་ལས་ཚོགས་ཀྱི་ ཁས་བླངས་པ་དང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་གིས་ སྙན་ཞུ་འབད་བའི་ཁར་ ཉམས་རྒུད་པའི་ ཕམ་ཚུ་གིས་ ཨ་ལོ་ཚུ་ སློབ་གྲྭ་ནང་ འགྱོ་མ་བཏུབ་པའི་སྐབས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་ལུ་ བསླབ་སྟོན་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་བསྒང་ ཡར་བསྐྱེད་ལས་སྡེའི་ ཁས་བླངས་པ་ཚུ་ ས་གོ་དེ་ནང་ གོ་བརྡའི་ལས་རིམ་ནང་ སོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སློབ་ཕྲུག་བུམོ་ཚུ་ འདོད་ཆགས་ཀྱི་སྒོ་ལས་ གནོད་འཚེ་འབད་མ་འབད་ཚུ་ བརྟག་ཞིབ་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཨམ་སྲུ་ཅིག་ བཙུགས་ཐོག་ལས་ བརྟག་ཞིབ་འབདཝ་ད་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ སློབ་དཔོན་དེ་གིས་ ན་ཧིང་ལས་ར་ བུམོ་དེ་ཚུ་ལུ་ གནོད་འཚེ་འབད་ཡོད་པའི་ ཁ་ཉེས་འདུག་ཟེར་ཨིནམ་ད་ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ འཛིན་བཟུང་འབད་ཡོད་མི་ སློབ་དཔོན་དེ་ ལཱ་གཡོག་ནང་འཛུལ་ཏེ་ ལོ་༥ ལས་བརྒལ་ མ་ལངམ་ཨིན་པས།
དོགས་ཅན་སློབ་དཔོན་དེ་གིས་ སླབ་མིའི་ནང་ ཁོ་ར་ ཆང་འགྲངས་པའི་སྐབས་ སློབ་ཕྲུག་བུམོ་ཚུ་ལུ་ གནོད་འཚེ་འབད་ཡོད་པའི་ ངོས་ལེན་འབད་ཡི་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤད་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ འདོད་ཆགས་ཀྱི་སྒོ་ལས་ གནོད་འཚེ་འབད་ཡོད་པའི་སྐོར་ལས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེའི་ ཁས་བླངས་པ་ལུ་ སྙན་ཞུ་འབད་མི་ སློབ་ཕྲུག་བུམོ་དེ་ ན་ཧིང་ སྤྱི་ཟླ་༤ པའི་ནང་ལས་ སློབ་གྲྭ་བཤོལ་བཞག་ནུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *