འབྲུག་དང་ བང་ལ་དེཤ་གི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་བའི་བསྒང་།

མཐའ་བཅད་འོག་མའི་རྩེད་འགྲན་ནང་ བང་ལ་དེཤ་གིས་ འབྲུག་པའི་སྡེ་ཚན་ ཕམ་བཏང་ཡོདཔ།

༉ ཁ་ཙ་ ནེ་པཱལ་ལུ་སྦེ་ འགོ་འདྲེན་འཐབ་མི་ སཱག་ལུང་ཕྱོགས་རྒྱལ་ཁབ་ཚུ་གི་ སྐྱེས་ལོ་༡༨ མན་ཆད་འབད་མི་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འོག་མའི་ནང་ བང་ལ་དེཤ་གིས་ འབྲུག་པའི་སྡེ་ཚན་ ཕམ་བཏང་ཡི།
དེ་ཡང་ བར་མཚམས་ངལ་གསོ་མ་ལེན་པའི་ཧེ་མར་ བང་ལ་དེཤ་གིས་ གཱོལ་༣ བཙུགས་ཡོདཔ་བཞིན་དུ་ ཤུལ་མའི་སྐར་མ་༤༥ འི་རིང་ འབྲུག་གིས་ གཱོལ་༡ ཡང་ བཙུགས་མ་ཚུགསཔ་ད་ བང་ལ་དེཤ་གིས་ ད་རུང་ གཱོལ་༡ བཙུགས་དཔ་ལས་ བསྡོམས་གཱོལ་༤ བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་སྡེ་ཚན་གྱིས་ མཱལ་དིབསི་ལུ་ གཱོལ་༢ བཙུགས་ཏེ་ ཕམ་བཏང་པའི་སྐབས་ མཱལ་དིབསི་གིས་ གཱོལ་༡ བཙུགས་ནུག།
སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ནེ་པཱལ་དང་ མཱལ་དིབསི་རྒྱལ་ཁབ་༢ ཀྱི་བར་ན་ སྐོར་ཐེངས་དང་པའི་ རྩེད་འགྲན་འབདཝ་ད་ རྒྱལ་ཁབ་༢ ཆ་ར་གིས་ གཱོལ་རེ་རེ་བཙུགས་ཡོདཔ་ད་ འབྲུག་དང་ ནེ་པཱལ་རྩེད་འགྲན་འབདཝ་ད་ འབྲུག་གིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༩ པའི་ཚེས་༢༤ ལུ་ འབྲུག་དང་ མཱལ་དིབསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ དབྱེ་ཁག་ཀ་པ་ལས་ འབྲུག་གིས་ སྐུགས་༤ དང་ མཱལ་དིབསི་གིས་ སྐུགས་༢ དེ་ ལས་ ནེ་པཱལ་གྱིས་ སྐུགས་༡ ལས་བརྒལ་ཐོབ་མ་ཚུགསཔ་ལས་ རྒྱལ་རྟགས་ཀྱི་རྩེད་འགྲན་ལས་ མཐར་བཤུད་ བཏང་ཡི།
དབྱེ་ཁག་ཁ་པ་ལས་ བང་ལ་དེཤ་གིས་ ཤྲི་ལངྐ་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ཕམ་ཡོདཔ་བཞིན་དུ་ བང་ལ་དེཤ་དང་ རྒྱ་གར་སྡེ་ཚན་༢ ཀྱི་བར་ན་ཡང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ བང་ལ་དེཤ་གིས་ སྐུགས་༤ དང་ རྒྱ་གར་སྡེ་ཚན་གྱིས་ཡང་ སྐུགས་༤ ཐོབ་མི་དེ་ ཤྲི་ལངྐ་ལས་ རྒྱལ་ཁ་ཐོབ་ནུག།
དེ་འབདཝ་ལས་ དབྱེ་ཁག་ཀ་པ་ལས་ ཨང་དང་པ་ཐོན་མི་ འབྲུག་དང་ དབྱེ་ཁག་ཁ་པ་ལས་ ཨང་༢ པ་ཐོན་མི་ བང་ལ་དེཤ་སྡེ་ཚན་ དེ་ལས་ དབྱེ་ཁག་ཀ་པ་ལས་ ཨང་༢ པ་ཐོན་མི་ མཱལ་དིབསི་དང་ དབྱེ་ཁག་ཁ་པ་ལས་ ཨང་དང་པ་ཐོན་མི་ རྒྱ་གར་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་ རྩེད་འགྲན་འབད་ཡི།
སྤྱི་ཟླ་༩ པའི་ཚེས་༢༩ ལུ་ དྲག་ཤོས་ཨང་དང་པའི་དོན་ལུ་ རྒྱ་གར་དང་ བང་ལ་དེཤ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་ནི་དང་ ཨང་༣ པའི་དོན་ལུ་ འབྲུག་དང་ མཱལ་དིབསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ སཱག་ལུང་ཕྱོགས་ཀྱི་ ཕུཊ་བཱོལ་རྩེད་འགྲན་དེ་ ནེ་པཱལ་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ འགོ་འདྲེན་འཐབ་ནུག།
སྤྱི་ལོ་༢༠༡༥ དང་༢༠༡༧ ལུ་ རྒྱལ་རྟགས་ཀྱི་ མིང་གཏམ་དྲག་ཤོས་ཐོན་མི་ ནེ་པཱལ་དེ་ དུས་ཅི་ འབྲུག་གིས་ གཱོལ་༣ བཙུགས་ཏེ་ཕམ་བཏང་ཡོདཔ་ཨིན་པས།
སཱག་ལུང་ཕྱོགས་ཀྱི་ རྒྱལ་ཁབ་༨ ཀྱི་བར་ན་ སྐྱེས་ལོ་༡༨ མན་ཆད་འབད་མི་ ཕུཊ༌བཱོལ་རྩེད་འགྲན་དེ་ སྤྱི་ལོ་༢༠༡༥ ལུ་ འགོ་འདྲེན་འཐབ་པའི་སྐབས་ ནེ་པཱལ་གྱིས་ ཨང་དང་པ་ཐོན་ཡོདཔ་ད་ བང་ལ་དེཤ་གིས་ ཨང་༢ པ་ ཐོན་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལུ་ ཐེངས་༢ པའི་རྩེད་འགྲན་ནང་ ནེ་པཱལ་གྱིས་ ཨང་དང་པ་དང་ རྒྱ་གར་གྱིས་ ཨང་༢ པ་ཐོན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *